Dorji Letho

Professional biography

རྡོ་རྗེ་ལས་འཕྲོ་ཁོ་ར་རྒྱལ་འཛིན་གཙུག་ལག་སློབ་སྡེ་སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ ཞིབ་རོགས་མཁས་དབང་འབད་ཕྱག་ཞུ་སྟེ་ཡོད་ཁོ་གི་སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་སྤྱིར་བཏང་གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་དང་གཙུག་ལག་གཞི་རིམ་གོང་མ་ཚུ་ ནང་ལུ་རྫོང་ཁ་སྦྱོང་ཚན་རྩོམ་རིག་དང་རྫོང་ཁ་སྐད་ཡིག་ཞིབ་སྦྱོང་ཚུ་སློབ་སྟོན་འབད་ཡོདཔ་མ་ཚད་ གཞན་སྐད་ཡིག་དང་འབྲེལ་བའི་ཞིབ་འཚོལ་ཚུ་འབད་བཞིན་པ་ཡོདཔ་ཨིན་ དེ་མ་ཚད་ཁོ་གིས་མཐོ་རིམ་སློབ་གྲྭའི་སྲོལ་རྒྱུན་ལྟེ་བ་གཞི་བཙུགས་འབད་ཡོད་མི་ ནང་ལུ་རང་ལུགས་སྙན་ཆ་དང་གླུ་གཞས་ཟློས་གར་སྒྱུ་རྩལ་ཚུ་ལུ་ཞིབ་འཚོལ་གྱི་ཐོག་ལས་ལས་རིམ་ཚུ་འགོ་འདྲེན་འཐབ་སྟེ་ཕྱག་ཞུ་ བའི་བསྒང་ར་ཡོདཔ་ཨིན།  ཁོ་གི་ཤེས་ཚད་འདི་ སྤྱི་ལོ་ ༢༠༠༡ལུ་འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་ནང་ལུ་བསམ་རྩེ་ཤེས་ རིག་མཐོ་རིམ་སློབ་གྲྭ་ནང་ལུ་རྫོང་ཁ་གཙུག་ལག་ཤེས་ཡོན་གོང་མ་ (PGDE) རྐྱབ་ཚར་ཏེ་ཡོདཔ་ཨིན་དེ་ལས་སྤྱི་ལོ་༢༠༠༨ལུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་གཞུང་གྲྭ་ཚང་མཉམ་རུབ་ཀྱི་ཐོག་ལས་གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་སྤ་རོ་གསང་སྔགས་ཆོས་འཁོར་བཤད་གྲྭ་ནང་ལས་ལྷབ་ཚར་ཏེ་ཡོདཔ་ཨིན།

 

ཁོ་གི་འབྲུག་ཤེས་རིག་ལྷན་ཁག་དང་འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་ནང་ལུ་ལོ་ངོ་ ༡༩དེ་ཅིག་སློབ་སྟོན་འབད་ཡོདཔ་མ་ཚད་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ རྫོང་ཁའི་ལས་སྡེ་འགོ་ཁྲིདཔ་འབད་ལོ་ངོ་ ༨ ཀྱི་རིང་ཕྱག་ཞུ་སྟེ་ ཆོས་ཚན་སྐད་ཡིག་དང་འབྲེལ་བ་ཡོད་པའི་རྩོམ་བྲིས་དང་ཞིབ་འཚོལ་ ཚུ་འབད་དེ་ཡོདཔ་ཨིན། ཤེས་རིག་ལྷན་ཁག་ནང་ལུ་ སྤྱི་ལོ་ ༢༠༠༧ ལས་སྤྱི་ ལོ་ ༢༠༡༠ ཚུན་ལུ་སློབ་རིམ་ བློ་གསར་ལས་ ༡༢ པ༌ཚུན༌ཤེས་ཡོན་རྩོམ་བྲིས་པའི་འཐུས་མི་འབད་བཅའ་མར་གཏོགས་ཏེ་སློབ་ དེབ་རྩོམ་སྒྲིག་དང་བསྐྱར་ཞིབ་ཚུ་འབད་ཡོདཔ་མ་ཚད་ གཞི་རིམ་ཆོས་ཚན་ མཐའ་འཁོར་སློབ་སྦྱོང་ཡང་རྩོམ་སྒྲིག་བསྐྱར་ཞིབ་ འབད་ནི་ནང་ལུ་ ཕྱག་ཞུ་ཡི། དེ་ལས་ སྤྱི་ལོ་ ༢༠༡༠ ལུ་མཐོ་རིམ་སློབ་གྲྭའི་ གློག་རིག་ཡོངས་འབྲེལ་ལས་འགུལ་(VLE,Pan localization Translation) ནང་ལུ་འཐུས་མི་འབད་ལས་འགུལ་གྱི་སྐད་སྒྱུར་ཚུ་ནང་ལུ་ཕྱག་ཞུ་ཡི། སྤྱི་ལོ་ ༢༠༡༤ ལུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་ནང་འཁོད་ སྤྱིའི་སྦྱོང་ཚན་ རྫོང་ཁ་བརྡ་དོན་སྤྲོད་ལེན་(DZG101)ཅིག་རྩོམ་སྒྲིག་འབད་ དེ་ལྷག་དེབ་གསར་བཏོན་འབད་ནི་ནང་ལུ་འཐུས་མི་འབད་བཙགས་འཐུ་འབད་དེ་རྩོམ་སྒྲིག་ལཱ་ཚུ་ནང་ཕྱག་ཞུ་ཡི།  ལྷག་པར་དུ་ ཁོ་བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་སྡོདཔ་ད་ལུ་ལམ་སྲོལ་ཚོགས་པའི་ཁྲི་འཛིན་འབད་ཕྱག་ཞུ་བའི་སྐབས་ལུ་ རང་ལུགས་ སྙན་ཆ་ཞབས་བྲོ་ཟློས་གར་གྱི་སྒྱུ་རྩལ་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ནི་དང་མཐོ་རིམ་སློབ་གྲྭའི་དུས་སྟོན་རྟེན་འབྲེལ་མཛད་འགོ་ལས་ རིམ་ཚུ་གི་ནང་ལུ་ བཅའ་སྒྲིག་འགོ་འདྲེན་ཐུགས་སྤྲོའི་ལས་རིམ་ཚུ་ནང་ལུ་ཕྱག་ཞུ་ཡི། དེ་ལས་གཞན་ རྫོང་ཁག་དང་མི་སྡེ་རྒྱལ་ ཡོངས་ཀྱི་གནས་ཚད་ ཚུ་ནང་ལུ་ཡང་རང་ལུགས་ཀྱི་སྙན་ཆ་དང་ཞབས་བྲོ་ཚུ་འགོ་འདྲེན་འཐབ་སྟེ་སྤྱན་འབུལ་ཞུ་ཡི། ལྷག་པར་དུ་འབྲུག་གི་རྒྱལ་ཡོངས་དུས་ཆེན་ཐེངས་ ༡༡༡ བསམ་རྩེ་རྫོང་ཁག་ནང་ལུ་བརྩི་སྲུང་ཞུཝ་ད་ལུ་རང་ལུགས་ཀྱི་ལས་རིམ་ ཚུ་མཐོ་རིམ་སློབ་གྲྭའི་ལམ་སྲོལ་ཚོགས་པ་གིས་འགོ་འདྲེན་འཐབ་སྟེ་འབད་མི་ནང་ལུ་ ཁོ་གིས་འགོ་འདྲེན་ཐོག་ལས་ཚོགས་ཆུང་  ཅིག་བཟོ་སྟེ་ བསམ་རྩེ་རྫོང་ཁག་སློབ་གྲྭ་ཁག་ལས་ཞབས་བྲོ་འགྲན་བསྡུར་འབད་དེ་ ཞབས་བྲོ་ལེགས་ཤོམ་ཚུ་བཙགས་འཐུ་ གྲུབ་སྟེ་དུས་ཆེན་གྱི་ཐུགས་སྤྲོའི་ལས་རིམ་ལུ་རྒྱལ༌འབངས་ཡོངས་ལུ་སྤྱན་འབུལ་ལེགས་ཤོམ་འབད་ཕུལ་ཚུགས་ཅི།  

Email: dorjiletho.pce@rub.edu.bt