M.Ed Dzongkha.

Master of Education in Dzongkha Studies  (Part Time) 

ལས་རིམ་གྱི་དམིགས་ཡུལ།

 

དང་པ། རྫོང་ཁའི་ཐོག་ལས་ ཆོས་ཚན་ག་ཅི་ར་སློབ་སྟོན་འབད་དགོཔ་ཐོན་རུང་ ཞིབ་འཚོལ་གྱི་ལཱ་ལུ་གཞི་བཅོལ་ཏེ་ ཕན་ཐོགས་ ཡོད་མེད་ཀྱི་དབྱེ་བ་དང་ བརྟག་དཔྱད་ཚུ་ ཁོང་ར་གིས་ཞིབ་ཞིབ་སྦེ་ འབད་ཚུགས་ནི།

 

 གཉིས་པ། གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་སློབ་སྦྱོང་ནང་ལུ་ རང་ལུགས་དང་རིག་གསར་གྱི་སློབ་སྟོན་ཐབས་ཤེས་ཚུ་ རྒྱས་ཤིང་རྒྱསཔ་འབད་སློབ་སྟོན་འབད་ནི་ཡོདཔ་ལས་ སློབ་སྟོན་དང་འབྲེལ་བའི་ལཱ་གི་རིགས་དང་དབྱེ་ཞིབ་འབད་ཐངས་ ཞིབ་འཚོལ་འབད་ཐངས་ཚུ་ གཙུག་ལག་གཞི་རིམ་བར་མ་དང་ གོང་མ་ལས་ལྷག་པའི་ཤེས་ཡོན་དང་རིག་རྩལ་གྱི་ཉམས་མྱོང་ཚུ་ཐོབ་སྟེ་ སློབ་གྲྭ་ནང་ སློབ་ཕྲུག་གི་ཤེས་ཡོན་གྱི་སྤུས་ཚད་དང་ ལྕོགས་གྲུབ་ཚུ་ཡར་རྒྱས་གཏང་ཚུགས་ནི།

 གསུམ་པ། སྐད་ཡིག་གི་འབྱུང་ཁུངས་ལས་འགོ་བཙུགས་ཏེ་ རྒྱལ་ཁབ་དང་ ལུང་ཕྱོགས་སོ་སོའི་ཁ་སྐད་ཀྱི་འགྱུར་བ་ཚུ་ཞིབ་འཚོལ་འབད་དེ་ རྒྱལ་ཁབ་ཀྱི་སྲོག་ཤིང་ རྫོང་ཁའི་སྐད་ཡིག་འདི་མི་ཉམས་གོང་འཕེལ་གཏང་ནི་དང་ ཉམས་པ་སོར་ཆུད་འབད་ནིའི་ ཐབས་ཤེས་ཚུ་སྟོན་ཚུགས་ནིའི་དོན་ལུ་ཨིན།

 

ལས་དོན།

 

  • རྫོང་ཁའི་སྐད་ཡིག་གི་ཁྱད་པར་དང་ འབྱུང་ཁུངས་ཚུ་ ག་དེ་སྦེ་ཨིན་ན་ ཁ་གསལ་འབད་ཞིབ་འཚོལ་གྱི་ཐོག་ལས་ར་ཁུངས་སྦྲགས་ཏེ་ བཤད་པ་རྐྱབ་ཚུགས་ནི།
  •  རྫོང་ཁའི་སྐད་ཡིག་ཟེར་མི་འདི་ ཕར་ཚུར་བརྡ་དོན་རྒྱུན་འབྲེལ་འཐབ་ཚུགསཔ་རྐྱངམ་ཅིག་གི་དོན་ལས་ ལག་ལེན་ འཐབ་མེན་པར་ ཕྱིའི་བྱ་སྤྱོད་དང་ནང་གི་མནོ་ལུགས་ཚུ་ཡང་ རྫོང་ཁའི་སྐད་ཡིག་འདི་ལུ་བརྟེན་ཏེ་ ལེགས་ཤོམ་   འབད་བདག་འཛིན་འཐབ་ཚུགསཔ་ཨིན་པའི་སྐོར་ལས་ ཞིབ་འཚོལ་གྱི་གྲུབ་འབྲས་ལུ་བརྟེན་ གཞན་ལུ་གོ་བརྡ་   སྤེལ་ཚུགས་ནི།
  • ཞིབ་འཚོལ་ཟེར་མི་འདི་ ག་དེམ་ཅིག་ལུ་ཧ་གོ་དགོཔ་ཨིན་ན་དང་ ཞིབ་འཚོལ་འབད་ཐངས་ཀྱི་ཐབས་ཤེས་ མ་ འདྲཝ་ཡོད་མི་ཚུ་ངོས་འཛིན་འབད་དེ་ ལག་ལེན་དངོས་འཐབ་འབད་ཚུགས་ནི།
  •  ཞིབ་འཚོལ་གྱི་གྲོས་འཆར་འབྲི་ནི་དང་ མཁོ་ཆས་བཅའ་སྒྲིག་རྐྱབ་ཐངས་ གྲུབ་འབྲས་གསལ་བཏོན་འབད་ཐངས་ཚུ་ ཞིབ་འཚོལ་གྱི་ལམ་ལུགས་ལས་མ་འགལཝ་འབད་ ལག་ལེན་འཐབ་ཚུགས་ནི།
  • ཐབས་ཤེས་ཀྱི་དབྱེ་བ་ལེ་ཤ་ཡོད་མི་ཚུ་ལས་ སྦྱོང་ཚན་གྱི་དོན་ཚན་དང་འཁྲིལ་ཏེ་ འབྲེལ་བ་ཡོད་པའི་ཐབས་ཤེས་འདི་ དབྱེ་དཔྱད་ཀྱི་ཐོག་ལས་ གདམ་ཁ་རྐྱབ་སྟེ་ ལག་ལེན་འཐབ་ཚུགས་ནི།
  •  རིག་རྩལ་བཞི་དང་འབྲེལ་བ་ཡོདཔ་འབད་ སྦྱོང་ལཱ་བཅའ་སྒྲིག་རྐྱབ་ནི་ལུ་ ཁྱད་འཕགས་ཅན་ཅིག་ལུ་འགྱུར་ཏེ་ སློབ་ དཔོན་གཞན་ཚུ་ལུ་ ལམ་སྟོན་འབད་ཚུགས་ནི།
  •  རྫོང་ཁའི་ཡི་གུ་འབྲི་ནི་དང་ ལྷག་ནི་གཉིས་ལུ་ རྗོད་སྒྲའི་ཁྱད་པར་ཡོད་དགོ་པའི་ཁུངས་དང་དགོས་པ་ཚུ་ གཞན་གྱིས་  ཡིད་ཆེས་བསྐྱེད་ཚུགསཔ་འབད་ བཤད་པ་རྐྱབ་ཚུགས་ནི།
  • འཛམ་གླིང་རྒྱལ་སྤྱི་དང་ འབྲུག་རྒྱལ་ཁབ་ཀྱི་ལུང་ཕྱོགས་སོ་སོའི་ངག་གཤིས་ལུ་བརྟེན་ རྫོང་ཁའི་རྗོད་སྒྲ་ཚུ་ ཟུར་ ཉམས་ཏེ་འགྱོ་མི་འདི་ ཞིབ་འཚོལ་གྱི་ཐོག་ལས་ ངོས་འཛིན་འབད་དེ་ རྒྱལ་ཡོངས་ཀྱི་གནས་ཚད་ལུ་ གྲོས་འཆར་ བཀོད་ཚུགས་ནི།
  •  ཤེས་ཡོན་འབྲི་རྩལ་འདི་ ལྷབ་དགོ་པའི་ཁུངས་དང་དགོས་པ་ཚུ་ ཁ་གསལ་འབད་ཧ་གོ་སྟེ་ རང་གིས་འབྲི་དགོ་རུང་ ནོར་འཁྲུལ་མེད་པར་ འབྲི་ཤེསཔ་ཅིག་དང་ གཞན་ལུ་སློབ་སྟོན་འབད་དགོ་རུང་ ལྷག་ཆད་ཀྱི་སྐྱོན་མེདཔ་འབད་ སློབ་སྟོན་འབད་ཚུགས་ནི།
  •   རྩོམ་བྲིས་ཀྱི་ལཱ་ ག་ཅི་ར་འབད་རུང་ དཔེ་དེབ/ཡིག་ཆའི་ནང་ན་ ལུང་འདྲེན་འབད་ཐངས་དང་ མཇུག་ལུ་རྒྱབ་རྟེན་ གྱི་དཔེ་ཐོ་བཀོད་ཐངས་ཚུ་ ལམ་ལུགས་དང་འཁྲིལ་ཏེ་ ལག་ལེན་འཐབ་ཚུགས་ནི།
  • སློབ་སྟོན་དང་འབྲེལ་བའི་དུས་རྒྱུན་དང་ སྦྱང་རྒྱུགས་ཀྱི་དབྱེ་ཞིབ་ ཚུལ་དང་མཐུནམ་སྦེ་ ལག་ལེན་འཐབ་ཤེས་ནི་དང་ གཞན་ལུ་ཡང་རྒྱབ་སྐྱོར་བྱིན་ཚུགས་ནི།

 

 

སློབ་སྦྱོང་གཞི་བཀོད (Curricular Structure)

ལོ་ངོ་ ༣ གྱི་རིང་ལུ་ གནམ་དགུན་ངལ་གསོའི་སྐབས་ བདུན་ཕྲག་ ༦ རེ་འབད་ ལས་རིམ་འདི་འགོ་འདྲེན་འཐབ་ནི་ཨིན། དེ་ནང་སྦྱོང་ཚན་ (Module) ཡོངས་བསྡོམས་ ༡༢ ཀྱི་རྩིས་སློབ་སྟོན་འབད་དགོ། སློབ་སྦྱོང་གཞི་བཀོད་འདི་ གཤམ་འཁོད་ལྟར་དུ་ཨིན། (Course Structure)

སྦྱོང་ཚན། ལོ་ངོ་དང་པ། ལོ་ངོ་གཉིས་པ། ལོ་ངོ་གསུམ་པ། དུས་ཡུན་ཐོབ་ཚད།
ཁྱད་སྦྱང་།

 

(Major)

KYG503

 

སྐད་ཡིག་ཞིབ་སྦྱོང་།

KYG604

 

བློ་གི་འགྲོ་ལུགས།

  སློབ་རིག་སྦྱོང་འཐུས་

 

༡༥x༢=༣༠

ཁྱད་རིག་ཡར་རྒྱས།

 

(Profesional Development)

SDT501

 

ཤེས་ཡོན་འབྲི་རྩལ། Academic writing

RES501

ཤེས་རིག་དང་འབྲེལ་བའི་ཞིབ་འཚོལ་ངོ་སྤྲོད། Introduction to Educational Research

RES602

 

ཤེས་རིག་ཞིབ་འཚོལ་ཐབས་ལམ། Approaches to Research Method in Education

LTL606

སློབ་སྟོན་ཐབས་ལམ། Teaching Strategies

STA701

 

ཤེས་ཡོན་བརྟག་དཔྱད་དང་དབྱེ་ཞིབ། Educational Assessment and Evaluation

PSY503

སློབ་སྦྱོང་རྣམ་གཞག Principles of Learning

སློབ་རིག་སྦྱོང་འཐུས་ ༡༥x༦=༩༠
ཞིབ་འཚོལ།

 

(Research)

   

 

RES703 ཞིབ་འཚོལ་རྩོམ་ཡིག། (Dissertation)

ལོ་ངོ་གཉིས་པ་ལས་འགོ་བཙུགས་ནི)

སློབ་རིག་སྦྱོང་འཐུས་ 15×4=60

འཛུལ་ཞུགས་དགོས་མཁོ། (Entrance requirments)

 

ཀ/ གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་སློབ་སྦྱོང་གི་དོན་ལས་ གདམ་འཐུ་དང་པ་འདི་ ཤེས་རིག་ལྷན་ཁག་གིས་གནང་ནི། དེ་བསྒང་ ཚད་གཞི་ངོ་མ་གཅིགཔོ་འདི་ རྫོང་ཁ་ཤེས་རིག་གཙུག་ལག་གཞི་རིམ་ (B.Ed) དང་ རྫོང་ཁ་ཤེས་རིག་གཙུག་ལག་གཞི་རིམ་གོང་མ་ (PGDE) གི་ལག་ཁྱེར་ གང་རུང་ཅིག་ཡོད་མེད་ལུ་ གཞི་བཞག་ཞིནམ་ལས་ འབྲེལ་བ་ཡོད་པའི་ཚད་གཞི་གཞན་ ག་ཅི་རང་བཟོ་རུང་ ཤེས་རིག་ལྷན་ཁག་གིས་བཟོ་གནང་ནི།

 

ཁ/ གདམ་འཐུ་གཉིས་པ་འདི་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་གནང་ནི། དེ་གི་སྐབས་ གདམ་འཐུའི་ཚད་གཞི་འདི་ རྫོང་ཁ་སྐད་ཡིག་བརྟག་དཔྱད་ཆོས་རྒྱུགས་རྐྱངམ་ཅིག་ལུ་ གཞི་བཞག་ཞིནམ་ལས་ སྐུགས་ཚད་མཐོ་ཤོས་ཐོབ་མི་ལས་འགོ་བཙུགས་ཏེ་ ལོ་བསྟར་བཞིན་དུ་ སློབ་སྦྱོང་པ་ ༢༥ རེ་གདམ་འཐུ་འབད་ནི། དེ་གི་སྐབས་ལུ སྐུགས་ཚད་དམའ་ཤོས་ བརྒྱ་ཆ་ ༥༠ ངེས་པར་དུ་ཐོབ་དགོཔ་ཨིན། ལོ་བསྟར་བཞིན་དུ་ སློབ་སྦྱོང་པའི་གྱངས་ཁ་ ༢༥ རེ་ལེན་ནི་དང་ དེ་ཡང་ བརྒྱ་ཆ་ལས་འབད་བ་ཅིན་ གཞུང་གི་ ༧༠% དང་ སྒེར་གྱི་ ༣༠% ལེན་ནི། དེ་སྦེ་ གྱངས་ཁ་ ༢༥ རེ་འབད་བཞག་དགོ་མི་འདི་ སློབ་སྟོན་དང་འབྲེལ་བའི་མཐུན་རྐྱེན་མཁོ་ཆས་ཚུ་ལུ་གཞི་བཞག་སྟེ་ཨིན།

 

For Inquiries , you may contact:

Mr. Ngawang Jamtsho                                                                                                Mr. Karma Yeshey

Programme Leader                                                                                                      Dean of Academic Affairs

Master of Education in Dzongkha                                                                            Email: karmayeshey.pce@rub.edu.bt

Email: ngawangjamtsho.pce@rub.edu.bt                                                               Phone # +975-8-271620

Phone # +975-8-271487

 

 

Fee Structure 

Inquires about tuition fees may be directed to sangaychoden.pce@rub.edu.bt at phone number +975-8-271497