B.Ed Dzongkha.

Bachelor of Dzongkha Education Studies (4 years -Full Time) 

ལས་རིམ་གྱི་དམིགས་ཡུལ།

  • རྫོང་ཁ་ཤེས་རིག་གཙུག་ལག་གཞི་རིམ་གྱི་སྦྱོང་ཚན་འདི་གིས་ སྦྱོང་བརྡར་འབད་མི་ཚུ་ལུ་ གཞི་རིམ་ སློབ་གྲྭ་འོག་མ་ལས་འགོ་བཙུགས་ཏེ་ འབྲིང་རིམ་སློབ་གྲྭ་གོང་མ་ཚུན་ལུ་ རྫོང་ཁའི་ཆོས་ཚན་ དཀའ་ ངལ་མེད་པར་སློབ་སྟོན་འབད་ཚུགས་ནི།
  • སྐད་ཡིག་དང་རྩོམ་རིག་གི་ཤེས་ཡོན་ སྤུས་ཚད་ཡར་དྲག་བཟོ་ཚུགས་ནི་དང་ དེ་ཚུ་ སྟོན་ཐངས་ཀྱི་ ཐབས་ལམ་ལུ་ཡང་ སྦྱང་བ་འབད་དེ་ ལེགས་པའི་གོམས་འདྲིས་ ཚུད་ཚུགས་ནི།
  •  མཁོ་གལ་ཆེ་བའི་གཞུང་གི་བསྟན་བཅོས་སྤྱིར་བཏང་ལུ་ ཐོས་སྦྱང་ལེགས་ཤོམ་སྦེ་ ཚུད་ཚུགས་ནི།
  • སློབ་སྟོན་གྱི་སྐབས་ དོགས་པ་རེ་ཐོན་ཏེ་ ཡོད་མི་ཚུ་ཡང་ དོགས་སེལ་འབད་དེ་ བློ་སྤོབས་ཐོབ་ ཚུགས་ནི།
  • ཁྱད་རིག་ཆོས་ཚན་ནང་ ལྷབ་ཡོད་པའི་ཤེས་ཡོན་ཚུ་ རྫོང་ཁ་སློབ་སྟོན་གྱི་ཆོས་ཚན་དང་གཅིག་ཁར་ ནང་འབྲེལ་འབད་དེ་ སློབ་སྟོན་ བད་ཚུགས་ནི།
  • ཤེས་ཡོན་འཕྲོ་མཐུད་དེ་ལྷབ་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་ནི།
  • ཚུལ་མཐུན་གྱི་དབྱེ་ཞིབ་ལམ་ལུགས་ ལག་ལེན་འཐབ་ཐོག་ལས་ སློབ་སྟོན་འབད་ཚུགས་ནི།
  • མི་སྡེའི་གནས་སྟངས་ནང་ དགོས་མཁོ་དང་འབྲེལ་བའི་ལཱ་ཚུ་ འབད་ཚུགས་ནི།
  • སློབ་སྟོན་ལུ་ ཕན་པའི་ཞིབ་འཚོལ་གྱི་ལཱ་ཚུ་ འབད་ཚུགས་ནི།
  • རྩ་གཞུང་བསྒྱུར་བཅོས་ནང་ ཕན་ཐོགས་ཅན་གྱི་གྲོས་འཆར་ཚུ་ བྱིན་ཚུགས་ནི།
  • སློབ་ཕྲུག་གི་སྐྱོང་བཞག་ ལེགས་ཤོམ་འབད་ འཐབ་ཚུགས་ནི།
  • སློབ་གྲྭ་དང་ འཛིན་སྐྱོང་ མི་སྡེ་ སློབ་ཕྲུག་ཚུ་ལུ་ ཕན་ཐོགས་ཆེ་བའི་དམིགས་བསལ་གྱི་ལས་རིམ་ འགོ་འདྲེན་འཐབ་ཚུགས་ནི།
  • འཛིན་སྐྱོང་དང་ བདག་སྐྱོང་གི་ལཱ་ནང་ གོམས་འདྲིས་ཚུད་ཚུགས་ནི།

 

ལས་རིམ་གྱི་ལས་དོན།

  • གལ་གནད་ཆེ་བའི་ནང་པའིབསྟན་བཅོས་ དབུ་མའི་གཞུང་སྤྱིར་བཏང་ལུ་ གོམས་འདྲིས་ལེགས་ ཤོམ་འབད་ཚུད་ཚུགས།
  • ཕྲད་དང་རྣམ་དབྱེའི་སྦྱོར་ཚུལ་དང་ བྱ་བྱེད་ལས་གསུམ་ དངོས་པོ་བདག་གཞན་སོགས་ སྐད་ཡིག་ གི་རྣམ་གཞག་ལུ་ ཚུལ་མཐུན་གྱི་མཁས་སྦྱངས་འབད་དེ་ དོགས་པ་མེད་པར་ལག་ལེན་འཐབ་ ཚུགས།
  • གནས་སྟངས་དང་འབྲེལ་བའི་མངོན་པའི་གཞུང་ སྤྱིར་བཏང་ལུ་ཐོས་སྦྱངས་འབད་དེ་ བཤད་པ་རྐྱབ་ ཚུགས།
  • བློ་སླབ་ནི་དང་ རྩོམ་སྒྲིག་ཚུ་འབད་བའི་སྐབས་སུ་ འོས་འབབ་ཡོད་པའི་ཚིག་རྒྱན་ཚུ་ ཚུལ་མཐན་ འབད་ལག་ལེན་འཐབ་ཚུགས།
  • ཚེ་འདི་ཕྱི་གཉིས་ཀ་ལུ་ཕན་པའི་གདམས་ངག་ལུ་ ཐོས་བསམ་འབད་དེ་ རང་བསྟུན་གྱི་ཉམས་ལེན་ འབད་ཚུགས།
  • སྐད་ཡིག་སློབ་སྟོན་གྱི་ཐབས་ལམ་ ལག་ལེན་འཐབ་སྟེ་ སློབ་སྟོན་འབད་ཚུགས།
  • རྩོམ་རིག་ཆོས་ཚན་ནང་ སློབ་སྟོན་གྱི་ཐབས་ལམ་ཚུ་ ཚུལ་མཐུན་འབད་ལག་ལེན་འཐབ་ཚུགས།
  • སློབ་ཕྲུག་གི་རང་གཤིས་ཚུ་ ལེགས་ཤོམ་འབད་ཧ་གོ་ཐོག་ལས་ ཚུལ་མཐུན་གྱི་སྐྱོང་བཞག་འབད་ ཚུགས།
  • སློབ་གྲྭའི་རྩ་གཞུང་གི་དགོས་མཁོ་ ལེགས་ཤོམ་འབད་ཧ་གོ་ཐོག་ལས་ རྩ་གཞུང་འཕྲི་བརྣན་དང་ ཕན་ཐོགས་ཅན་གྱི་རྩ་གཞུང་ ལག་ལེན་འཐབ་ཚུགས།
  • མི་སྡེའི་གནས་སྟངས་དང་ དགོས་མཁོ་གཞིར་བཞག་ལུ་ དམིགས་བསལ་ལས་རིམ་ཚུ་ འགོ་འདྲེན་ འཐབ་ཚུགས།
  • སློབ་སྟོན་ལུ་ཕན་པའི་ཐབས་ཤེས་འོས་འབབ་ཅན་ཚུ་ ལག་ལེན་འཐབ་ཚུགས།
  • ཤེས་ཡོན་སྤུས་ཚད་ལུ་ ཕན་པའི་དབྱེ་ཞིབ་ལམ་ལུགས་ཚུ་ ལག་ལེན་འཐབ་ཚུགས།
  • སློབ་སྟོན་ནང་ ཕན་ཐོགས་ཅན་གྱི་སྦྱང་རྩལ་ཚུ་ འོས་འབབ་དང་ གནས་སྟངས་དང་བསྟུན་ཏེ་ ལག་ལེན་འཐབ་ཚུགས།
  • སློབ་སྟོན་གྱི་སྐབས་ དོགས་པ་རེ་ཐོན་ཏེ་ཡོད་མི་ཚུ་ཡང་ དོགས་སེལ་འབད་དེ་ ལེགས་ཤོམ་ འབད་ དབྱེ་བ་དཔྱད་ཚུགས

 

དུས་རྒྱུན་སློབ་སྦྱོང་པ(Pre-service)གི་དོན་ལས་ རྩ་གཞུང་བཀོད་རིས།   

ལོ་ངོ་དང་པ། ལོ་ངོ་གཉིས་པ། ལོ་ངོ་གསུམ་པ། ལོ་ངོ་བཞི་པ།
སློབ་དུས་དང་པ། སློབ་དུས་གཉིས་པ། སློབ་དུས་གསུམ་པ། སློབ་དུས་བཞི་པ། སློབ་དུས་ལྔ་པ། སློབ་དུས་དྲུག་པ། སློབ་དུས་བདུན་པ། སློབ་དུས་བརྒྱད་པ།
FIT 101  (Functional Information Technology) EDN 102

 

(Teaching Skills)

 

EDN 203

 

(Educational Assessment & Evaluation)

EDN 204

 

(Learning Process)

EDN 307

 

(Education for Development)

EDN 308

 

(Field Teaching Practice (equivalent to 5 modules)

 

EDN 409

 

(Introduction to Research Methods in Education)

EDN 410

 

(Curriculum Theory)

DLS 102

 

(རྫོང་ཁ་སྐད་ཡིག་རིག་རྩལ)

Dzo. ༡༠༡

 

༼ཡིག་སྡེབ།།༽

Dzo. ༢༠༥

 

རྩོམ་རིག༽

EDN 205 (Teaching Strategy) Dzo. ༣༡༡ ༼མངོན་བརྗོད༽ Dzo. ༤༡༥

 

༼འབྲུག་ཆོས་འབྱུང་༽

EDN 411

 

to EDN 417

(Any two other optional Modules)

EFC 103

 

(English for Communication)

Dzo. ༡༠༢ ༼ཕྲད་དང་རྣམ་དབྱེའི་སྦྱོར་བ༽ Dzo. ༢༠༦ ༼ཁྲབ་སྟོན་དང་ གློག་བརྙན༽ EDN 206

 

(Bhutanese Education System)

Dzo. ༣༡༢

 

༼འབྲི་རྩོམ་གྱི་ལས་འགུལ༽

Dzo. ༤༡༦ ༼བདེན་གཉིས་ཀྱི་རྣམ་གཞག༽
VIC 104

 

(Visual Communication)

Dzo. ༡༠༣

 

༼སྲུང་༽

Dzo. ༢༠༧ ༼གཞི་རིམ་རྫོང་ཁ་སློབ་སྟོན༽ Dzo. ༢༠༩ ༼འབྲིང་རིམ་རྫོང་ཁ་སློབ་སྟོན༽ Dzo. ༣༡༣ ༼འཛམ་གླིང་ཆོས་ལུགས་ཀྱི་གྲུབ་མཐའ༽ Dzo. ༤༡༧

 

༼ཚིག་རྒྱན་ཁ༽

Dzo. ༤༡༩ ༼སྐྱབས་གསུམ་གྱི་རྣམ་གཞག༽
EDN 101

 

(Introduction to Child Development)

Dzo. ༡༠༤ ༼དུས་གསུམ་གྱི་རྣམ་གཞག༽ Dzo. ༢༠༨ ༼ཆོས་དང་འཇིག་རྟེན་གྱི་བྱ་བཞག༽ Dzo. ༢༡༠ ༼ལེགས་བཤད༽ Dzo. ༣༡༤

 

༼ཚིག་རྒྱན་ཀ༽

Dzo. ༤༡༨

 

༼ཕུང་ཁམས་སྐྱེ་མཆེད༽

Dzo. ༤༢༠ ༼ཀུན་སློང་ཤེས་ཡོན༽

འཛུལ་ཞུགས་ཀྱི་ཚད་གཞི།

  • གསར་འཛུགས་སློབ་སྦྱོང་པའི་ཚད་གཞི།

གསར་འཛུལ་ཐོག་ དུས་རྒྱུན་སློབ་སྦྱོང་(Pre-service)འབད་མི་ཚུ་ཨིན་པ་ཅིན་ སྟག་རྩེ་འབྲིང་རིམ་སློབ་གྲྭ་བར་མ་ལས་ སློབ་རིམ་བཅུ་གཉིས་པའི་ཆོས་རྒྱུགས་ མཐར་འཁྱོལ་གྲུབ་མི་དང་།དེ་བཟུམ་སྦེ་ སྤྱིར་བཏང་སློབ་གྲྭ་ཚུ་ནང་ལས་ཨིན་པ་ཅིན་ སློབ་གྲྭ་འདི་ནང་ རིག་གཞུང་གི་ཆོས་ཚན་ཚུ་ལེན་ཏེ་ སློབ་རིམ་བཅུ་གཉིས་པ་མཐར་འཁྱོལ་བའི་ལག་འཁྱེར་འཆང་མི་ཚུ་གི་དོན་ལས་ མཐོ་རིམ་སློབ་གྲྭ་འདི་ནང་གི་བཙག་འཐུའི་ལམ་ལུགས་དང་འཁྲིལ་ཏེ་ སློབ་སྦྱོང་གི་དོན་ལས་གདམ་འཐུ་འབད་ནི།

སྐུགས་ཚད་ཐོབ་ལམ་གྱི་ཚད་གཞི།

སྟག་རྩེ་འབྲིང་རིམ་སློབ་གྲྭ་བར་མ་དང་ དེ་དང་འདྲ་མཉམ་གྱི་ཤེས་ཚད་ལག་འཁྱེར་འཆང་མི་ཚུ་ཨིན་པ་ཅིན།

སློབ་རིམ་ ༡༢ པ་མཐར་འཁྱོལ་གྲུབ་དགོ་པའི་ཁར་ སྙན་ངག་དང་ སྤྱོད་འཇུག་གི་ཆོས་ཚན་གཉིས་བསྡོམས་ནང་ལུ་ བརྒྱ་ཆ་ ༥༠ ཐམ་པ་ཐོབ་དགོཔ། དེ་ལས་ དབྱིན་སྐད་ནང་ མཐར་འཁྱོལ་གྲུབ་དགོཔ་ཨིན།

  • སྙན་ངག་གི་སྐུགས་ཚད་ལུ་        ༥  བསྒྱུར་འབད་ནི།
  • སྤྱོད་འཇུག་གི་སྐུགས་ཚད་ལུ་       ༥  བསྒྱུར་འབད་ནི།
  • བརྡ་གཞུང་/ངག་སྒྲོན་ལུ་          ༥  བསྒྱུར་འབད་ནི།
  • སུམ་རྟགས་ལུ་                    ༥  བསྒྱུར་འབད་ནི།
  • དབྱིན་སྐད་ལུ་                    ༣  བསྒྱུར་འབད་ནི།
  • གཞན་ ཆོས་ཚན་ཁག་གཉིས་ལུ་     ༡  བསྒྱུར་འབད་ནི།

 

For Inquiries, you may contact:

Mr. Kezang Dorji                                                                                                                Mr. Karma Yeshey

Programme Leader                                                                                                            Dean of Academic Affairs

Bachelor of Education in Dzongkha                                                                               Email: karmayeshey.pce@rub.edu.bt

Email: kezangdorji.pce@rub.edu.bt                                                                               Phone # +975-8-271620

Phone # +975-8-271487

 

Fee Structure 

Inquiries about tuition fees may be directed to sangaychoden.pce@rub.edu.bt at phone number +975-8-271497