Dechen Wangda

Professional biography

བདེ་ཆེན་དབང་དྲག་འདི་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ རྫོང་ཁའི་ལེགས་བཤདཔ་འབད་ཕྱག་ཕྱིད་ཞུ་མི་ཅིག་ཨིན། ཁོ་གིས་ སྤྱི་ལོ་༢༠༠༥ ལུ་བསམ་རྩེ་སློབ་དཔོན་སྦྱོང་བརྡར་སྤེལ་ཁང་ནང་ལས་ མཇུག་བསྡུ་བའི་ཤུལ་ལུ་ སྤྱི་ལོ་ ༢༠༠༦ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ ལཱ་གཡོག་འགོ་བཙུགས་ཅི།  ཁོ་གིས་སྤྱི་ལོ་ ༢༠༠༨ ལུ་རྒྱལ་གཞུང་གཙུག་ལག་སློབ་ སྡེའི་ལས་རིམ་ གསརཔ་བཙུགསཔ་དང་འབྲེལ་བཀང་ལུང་མཐོ་རིམ་སློབ་གྲྭའི་ རྫོང་ཁ་ལས་རིམ་གྱི་རྩ་གཞུང་དང་ ལས་རིམ་སྦྱོང་ཚན་ཚུ་གསརཔ་ཚུ་བྲི་ཡི། སྤྱི་ལོ་ ༢༠༡༠- ༢༠༡༢ ཚུན་ ལོ་ངོ་གསུམ་གྱི་རིང་ལུ་རྫོང་ཁ་ལས་རིམ་འགོ་ཁྲིདཔ་(Dzongkha Programme Leader) དང་ སྤྱི་ལོ་ ༢༠༠༧-༢༠༡༢ ལོ་ངོ་དྲུག་གི་རིང་ བུ་ཚུའི་མགོ་འཛིན་པ་ (provost) གི་ལཱ་འགན་ དང་ རང་ལུགས་ལམ་སྲོལ་འགོ་ཁྲིདཔ་འབད་ ལོ་ངོ་བདུན་གྱི་རིང་ཕྱག་ཕྱིད་ཞུ་སྟེ་ འཛིན་སྐྱོན་དང་ སློབ་སྟོན་གྱི་ཉམས་མྱོང་ཚུ་ ཐོབ་སྟེ་ཡོད།

 

 

སྤྱི་ལོ་ ༢༠༡༣ ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ གནས་སོར་ལྷོད་དེ་ ལེགས་བཤད་པའི་ལཱ་འགན་ཕྱག་ཕྱིད་ཞུ་སྟེ་ མཐོ་རིམ་སློབ་གྲྭ་ནང་ལུ་ གཙུག་ལག་གཞི་རིམ་རྫོང་ཁའི་ཤེས་ཡོན་ དང་གཙུག་ལག་གཞི་རིམ་གཞི་འཛུགས་ཤེས་ཡོན་ནང་སློབ་ སྟོན་གྱི་མ་བདོ་བར་ གཙུག་ལག་གཙུག་ལག་མཐོ་རིམ་གོང་མ་ རྫོང་ཁའི་ཤེས་ཡོན་ (M.Ed. Dzongkha) གྱི་སྦྱོང་ཚན་གསརཔ་བྲི་ནི་དང་ ལག་དེབ་བྲིས་ཏེ་ སློབ་སྦྱོང་གི་སྤུས་ཚད་ཡར་དྲག་ལུ་དམིགས་ཏེ་ ཕྱག་ཕྱིད་ཞུ་དོ་ཡོདཔ་དང་ ཞིབ་འཚོལ་ མཉམ་འབྲེལ་གྲོས་སྟོན་པའི་འགན་ཁུར་ཡང་འབག་དོ་ཡོདཔ་ཨིན།  གཙུག་ལག་གཞི་རིམ་གོང་མའི་(PgDE) གི་ལས་རིམ་ གྱི་འཐུ་མི་འབད་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ཕྱག་ཕྱིད་ཞུ་བཞིན་དུ་ཡོདཔ་ཨིན། 

Email: dechenwangda.pce@rub.edu.bt