Penjor

Professional biography

 

དཔལ་འབྱོར་(མཁས་དབང་ཞིབ་རོགསརང་ཉིད་སྤྱི་ལོ་༡༩༩༤ སྤྱི་ཟླ་༧པའི་ཚེས་༡ལས་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་འོག་ལུ་ཤེས་རིག་ལྷན་ཁག་ནང་སློབ་དཔོན་གྱི་གྲངས་སུ་ཐོ་བཀོད་གྲུབ་སྟེ་ཆུ་ཁ་སློབ་གྲྭ་ཆེ་བའི་ནང་ལོ་ངོ་༢ཀྱི་རིང་ཕྱག་ཞུ་བའི་ཤུལ་ལུ་སྤྱི་ལོ་༡༩༩༦ སྤྱི་༧པའི་ནང་ལས་ཤེས་ཚད་ཡར་སེང་གི་དོན་ལུ་བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལོ་ངོ་གསུམ་གྱི་རིང་རྫོང་ཁ་གཙུག་ལག་གཞི་རིམ་གཞི་མཆོག་གི་ཤེས་ཡོན་སྦྱངས་ཏེ་སྤྱི་ལོ་༡༩༩༩ ལས་སྤྱི་ལོ་༢༠༠༩ ཚུན་བསམ་རྩེ་མཐོ་རིམ་སློབ་གྲྭ་ནང་ཕྱག་ཞུ་ཡི། དེའི་སྐབས་སུ་ལས་རིམ་འགོ་ཁྲིདཔ་དང་སྦྱོང་ཚན་འགོ་འདྲེན་པའི་ལཱ་འགན་ཚུ་འབག་སྟེ་ཤེས་རིག་གི་དགོས་མཁོ་དང་བསྟུན་པའི་སྦྱོང་ཚན་ལེ་ཤ་ཅིག་གསར་བརྩམས་འབད་ཡོདཔ་མ་ཚད་དུས་རྒྱུན་གྱི་སློབ་སྦྱོང་པ་དང་རྒྱང་འབྲེལ་ཤེས་ཡོན་གྱི་སློབ་སྦྱོང་པ་ཚུ་ལུ་སྦྱོང་བརྡར་བྱིན་ནིའི་ལཱ་ནང་འཐུས་ཤོར་མེད་པར་ཕྱག་ཕྱི་ཞུ་ཡི།

 

སྤྱི་ལོ་༢༠༠༥ལས་༢༠༠༧ཚུན་ཤེས་རིག་རྩ་ཁྲིམས་དང་ལས་རིག་རྒྱབ་སྐྱོར་སྡེ་ཚན་དང་གཅིག་ཁར་བློ་གསར་ལས་སློབ་རིམ་༡༢པ་ཚུན་གྱི་རྫོང་ཁའི་རྩ་ཁྲིམས་སྒྱུར་བཅོས་དང་གསར་བརྩམས་ དེ་བཟུམ་སྦེ་རྩ་གཞུངསྦྱོང་བརྡར་བྱིན་ནིའི་ལཱ་ནང་བཅའ་མར་གཏོགས་ཅི།

 

སྤྱི་ལོ་༢༠༡༠ལས་སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་གནས་སོར་འོང་སྟེ་སྦྱོང་ཚན་རྣམ་པ་སྣ་ཚོགས་སློབ་སྟོན་དང་སྦྱོང་ཚན་ལེ་ཤ་ཅིག་གསར་བརྩམས་འབད་ཡོདཔ་མ་ཚད་སྤྱི་ལོ་༢༠༡༢ལས་༢༠༡༧ ཚུན་མཐོ་རིམ་སློབ་གྲྭའི་ཞིབ་འཚོགས་ཚོགས་ཆུང་གི་འཐུས་མི་སྦེ་ཕྱག་ཞུ་ཡོད་པའི་ཁར་ གཙུག་ལག་མཐོ་རིམ་གོང་མའི་སློབ་སྦྱོང་པ་ཚུ་གི་ཞིབ་འཚོལ་གྲོས་སྟོན་པའི་ལཱ་འགན་ཡང་ལེན་བཞིན་ཡོད། སྤྱི་ལོ་༢༠༡༨ལས་རྫོང་ཁ་གཙུག་ལག་གཞི་རིམ་གཞི་འཛུགས་ལས་རིམ་འགོ་ཁྲིདཔ་གི་ལཱ་འགན་འབག་སྟེ་ཕྱག་ཞུ་བཞིན་ཡོད་པའི་ཁར་མཐོ་རིམ་སློབ་གྲྭའི་བདག་སྐྱོང་ཚོགས་པའི་འཐུས་མི་དང་ རྫོང་ཁ་གཙུག་ལག་གཞི་རིམ་གྱི་ཆོས་རྒྱུས་བཀོད་ཚོགས་ཀྱི་འཐུས་མི་སྦེ་ཕྱག་ཞུ་བཞིན་ཡོད།

 

 

སྤྱི་ལོ་༢༠༡༣ རྒྱལ་ཡོངས་དུས་ཆེན་ཐེངས་༡༠༦པའི་རྟེན་འབྲེལ་བརྩི་སྲུང་གི་སྐབས་སུ་ཐིམ་ཕུ་ལྕང་གླིང་མའི་ཐང་ནང་སྦེ་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ཤེས་ཡོན་མཆོག་གྱུར་གྱི་རྒྱལ་ཡོངས་གཟེངས་འཐོན་གསེར་གྱི་རྟགས་མ་དང་སྤྱི་ལོ་༢༠༡༥ སྤ་རོ་རྒྱལ་ཡོངས་དུས་ཆེན་ཐེངས་༡༠༨པའི་རྟེན་འབྲེལ་བརྩི་སྲུང་གི་སྐབས་སུ་གཡོག་གི་དུས་ཡུན་རིང་ལུ་ལཱ་གཡོག་ལཱ་འགན་ཚུ་རྩ་འགེངས་ཕྱག་ཕྱི་ཞབས་ཏོག་ཞུ་ཡོད་པའི་ངོས་འཛིན་ལུ་རྒྱལ་ཡོངས་གཟེངས་འཐོན་དངུལ་གྱི་རྟགས་མ་ཞུ་ནིའི་གོ་སྐབས་ཐོབ་ཅི།  

Email: penjor.pce@rub.edu.bt