Mr. Rinchen Gyemtsho

Professional biography

རིན་ཆེན་རྒྱ་མཚོ་འདི་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ ཞིབ་རོགས་དབང་གི་ཕྱག་ཕྱིད་ཞུ་མི་ཅིག་ཨིན། ཁོ་གིས་ སྤྱི་ལོ་ ༡༩༨༧ ལུ་ སློབ་གྲྭ་ཆུང་བའི་སློབ་དཔོན་ཅིག་འབད་ ཕྱག་ཕྱིད་ཞུ་ནི་འགོ་བཙུགས་ཅི།  ཁོ་གིས་ སྤྱི་ལོ་ ༡༩༩༨༧-༡༩༩༦ ཚུན་ ལོ་ངོ་བཅུ་ཕྲག་གཅིག་གི་རིང་ལུ་ ཧཱ་རྫོང་ཁག་ ཚ་འཕེལ་དང་སྐར་ཚོགས་སློབ་གྲྭ་ཆུང་བ་གཉིས་ཀྱི་ནང་ལུ་ གཞི་རིམ་ཆུང་བའི་རྫོང་ཁའི་སློབ་དཔོན་དང་ དབུ་འཛིན་ངོ་ཚབ་དང་དབུ་འཛིན་ལས་རོགས་པའི་ལཱ་འགན་ཚུ་ཡང་ཕྱག་ཕྱིད་ཞུ་སྟེ་ སློབ་གྲྭ་ཆུང་བའི་འཛིན་སྐྱོན་དང་ སློབ་སྟོན་གྱི་ཉམས་མྱོང་ཚུ་ཐོབ་སྟེ་ཡོད།

 

སྤྱི་ལོ་ ༡༩༩༧-༢༠༠༠ ཚུན་ ཆོས་ཚན་རྩ་གཞུང་དང་ལས་རིགས་རྒྱབ་སྐྱོར་ལས་ཚན་ (CAPSS) ནང་ལུ་ རྫོང་ཁའི་ཆོས་ཚན་རྩ་གཞུང་འགོ་དཔོན་ (Curriculum Officer) འབད་ཕྱག་ཕྱིད་ཞུ་སྟེ་ སློབ་རིམ་ཆུང་བའི་རྩ་གཞུང་བྲི་ནི་དང་ སློབ་དཔོན་ཚུ་ལུ་ ཁྱད་རིག་གི་སྦྱོང་བརྡར་ བྱིན་ནིའི་ལཱ་ཚུ་འབད་ཡི། ལྷག་པར་དུ་ མཐའ་འཁོར་སློབ་སྦྱོང་སྐད་སྒྱུར་དང་སྦྱོང་བརྡར་བྱིན་ནིའི་ལཱ་འགན་ཧྲིལ་བུ་འབག་སྟེ་ ཕྱག་ཕྱིད་ཞུ་ཡི། དེ་མ་ཚད་ སློབ་རིམ་བཞི་པ་ལས་དྲུག་པ་ཚུན་གྱི་སློབ་དེབ་ཚུ་ཡང་གསརཔ་བྲིས་ཡི།

 

སྤྱི་ལོ་ ༢༠༠༠ ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ ལེགས་བཤད་པའི་ལཱ་འགན་ཕྱག་ཕྱིད་ཞུ་སྟེ་ མཐོ་རིམ་སློབ་གྲྭ་ནང་ལུ་ སློབ་སྦྱོང་ལས་རིམ་ཚུ་གི་སྦྱོང་ཚན་གསརཔ་བྲི་ནི་དང་ ལག་དེབ་ཚུ་བྲིས་ཏེ་ སློབ་སྦྱོང་གི་སྤུས་ཚད་ཡར་རྒྱས་རྐྱངམ་གཅིག་ལུ་དམིགས་ཏེ་ ཕྱག་ཕྱིད་ཞུ་ཡི། མཐོ་རིམ་སློབ་གྲྭ་ནང་ལུ་ སློབ་སྟོན་སྦྱང་བའི་མཉམ་འབྲེལ་པ་ (TP Coordinator) རྫོང་ཁ་ལས་སྡེའི་འགོ་འཛིན་ (Head, Dzo. Department) གཙུག་ལག་གཞི་རིམ་རྫོང་ཁའི་ལས་རིམ་འགོ་ཁྲིདཔ་( Program Leader, B.Ed. Dzo.)  གཙུག་ལག་གཞི་རིམ་གོང་མའི་ལས་རིམ་འགོ་ཁྲིདཔ་ (Program Leader, PgDE) རྫོང་ཁའི་སློབ་སྦྱོང་གི་འགོ་འཛིན་པའི་ (Head of Dzo. Studies ) གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་གྱི་ལས་རིམ་འགོ་ཁྲིདཔ་ (Program Leader, M.Ed. Dzongkha) གི་ལཱ་འགན་ཚུ་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ཕྱག་ཕྱིད་ཞུ་དང་ ཞུ་བཞིན་དུ་ཡོད།

 

ཁོ་གིས་ སྤྱི་ལོ་ ༢༠༡༤ ལུ་ མཐོ་རིམ་སློབ་གྲྭ་ག་རའི་དོན་ལུ་ རྫོང་ཁ་བརྡ་དོན་སྤྲོད་ལེན་གྱི་སྦྱོང་ཚན་  བྲིས་ཏེ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་ལུ་དང་ སྤྱི་ལོ་ ༢༠༡༥ ལུ་ ལུང་འདྲེན་དང་རྒྱབ་རྟེན་འབད་ཐངས་ཀྱི་དཔེ་དེབ་ཅིག་བྲིས་ཏེ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ ཞལ་འདེབས་འབད་ཕུལ་ཡི། ཁོ་གིས་ མཐོ་རིམ་སློབ་གྲྭ་རྐྱངམ་གཅིག་ནང་མེན་པར་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ནང་ལུ་དང་ ལས་སྡེ་གཞན་ཚུ་ལུ་ཡང་ ཁྱད་རིག་གི་ཞབས་ཏོག་ཚུ་ ཕྱག་ཕྱིད་ཞུ་དང་ཞུ་བཞིན་དུ་ཡོདཔ་ཨིན་ནོ།། 

Email:   rinchengyemtsho.pce@rub.edu.bt