Rinchen Wangdi

Professional biography

ཁོ་ རིན་ཆེན་དབང་འདུས་ཨིན། ཁོ་ལུ་ རིག་གཞུང་གཙུག་ལག་མཐོ་རིམ་གོང་མའི་ཤེས་ཚད་ཀྱི་ལག་ཁྱེར་ཡོད། ཁོ་ད་ལྟོ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ནང་ ལེགས་བཤད་པ་གོངམ་སྦེ་ཕྱག་ཞུ་བའི་བསྒང་ཡོད། ཁོ་གིས་སློབ་སྟོན་གྱི་ལཱ་འགན་འདི་ཧེ་མ་ སྤྱི་ལོ་༢༠༠༡ལུ་ སེམས་རྟོགས་ཁ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ལས་འགོ་བཙུགས་ནུག། དེ་ལས་ཁོ་གིས་སྤྱི་ལོ་༢༠༠༡ལས་ སྤྱི་ལོ་ ༢༠༡༢ཚུན་སེམས་རྟོགས་ཁ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ལེགས་བཤད་པ་འབད་ཕྱག་ཞུ་ནུག། སྤྱི་ལོ་ ༢༠༠༧ལས་༢༠༠༨ཚུན་སེམས་རྟོགས་ཁ་རིག་གཞུང་མཐོ་རིམ་སློབ་གྲྭའི་གཉེར་པ་འབད་ཕྱག་ཞུ་ནུག། སྤྱི་ལོ་༢༠༡༣ སྤྱི་ཟླ་དང་པ་ལས་ ༢༠༡༤ སྤྱི་ཟླ་ ༦པ་ཚུན་ཀྲོང་གསར་སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ལུ་སློབ་སྟོན་པ་འབད་ཕྱག་ཞུ་ནུག། སྤྱི་ལོ་༢༠༡༤གི་སྤྱི་ཟླ་༧པ་ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་གནས་སོར་འབད་དེ་ད་ལྟོ་ ལེགས་བཤད་པ་གོངམ་གི་ལཱ་འགན་འབག་སྟེ་ཡོད། ཁོ་གིས་ ད་ལྟོ་ཚུན་ཚོད་ལུ་ མཐོ་རིམ་སློབ་གྲྭ་ཚུ་ནང་སློབ་སྟོན་དང་ སྦྱོང་ཚན་བྲི་ནི་ རྩིས་ཚུ་གི་ ལཱ་འབད་བའི་ཉམས་མྱོང་ཡོད།

 

ད་རེས་ནངས་པར་ ཁོ་གིས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་ གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་(PGDE)དང་གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་སློབ་སྦྱོང་ལས་རིམ་ཚུ་གི་ཚོགས་པའི་འཐུས་མི་འབད་ཕྱག་ཞུ་བཞིན་ཡོད། གཞན་ཡང་ ཁོ་གིས་སྤྱི་ལོ་༡༩༨༩ལས་༢༠༠༠ཚུན་གྲྭ་ཚང་ལྷན་ཚོགས་གཞུང་རྩིས་སློབ་དཔོན་ཡིག་ཚང་ནང་ ཟླ་ཐོ་བྲིས་ནི་གི་ལཱ་འགན་འབག་སྟེ་ཕྱག་ཞུ་ནུག། སྤྱི་ལོ་༡༩༩༦ གི་ལོ་ལུ་འབྲུག་རྒྱལ་ཡོངས་ཀྱི་ མགྱོགས་ཡིག་འགྲན་བསྡུར་ནང་ལས་ཨང་དང་པ་ཐོབ་ནུག། ཁོ་གིས་ སྤྱི་ལོ་༡༩༨༩ལས་འགོ་བཙུགས་ཏེ་ད་ལྟོ་སྤྱི་ལོ་༢༠༢༠ ཚུན་ཚོད་ལུ་ འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡོངས་ཀུན་གསལ་གསར་ཤོག་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ གཟའ་སྐར་རྩོམ་སྒྲིག་འབད་དེ་ཕྱག་ཞུ་ནུག། དེ་ལས་སྤྱི་ལོ་ ༢༠༡༦ལས་༢༠༢༠ཚུན་ འབྲུག་གཟའ་སྐར་ཟེར་མི་འདི་ནང་ཡང་ རྩོམ་སྒྲིག་འབད་དེ་ཕྱག་ཞུ་བཞིན་ཡོད། ཁོ་གིས་ སྤྱི་ལོ་ ༢༠༡༧ལུ་རིག་གཞུང་གི་ཆོས་ཚན་རྩ་གཞུང་གསརཔ་བཟོ་མི་ནང་ལུ་བཅའ་མར་གཏོགས་ནུག། 

 

Email: rinchenwangdi.pce@rub.edu.bt