Kezang Dorji

Professional biography

སྐལ་བཟང་རྡོ་རྗེ་འདི་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ རྫོང་ཁའི་ལེགས་བཤདཔ་འབད་ཕྱག་ཕྱིད་ཞུ་མི་ཅིག་ཨིན། ཁོ་གིས་ སྤྱི་ལོ་༢༠༠༧ སྤྱི་ཟླ་ ༡༢ པ་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལས་ གཙུག་ལག་གཞི་རིམ་གོང་མའི་སློབ་སྦྱོང་མཇུག་བསྡུ་བའི་ཤུལ་ལུ་ སྤྱི་ལོ་ ༢༠༠༨ སྤྱི་ཟླ་དང་པ་ལས་ མཐོ་རིམ་སློབ་གྲྭ་འདི་ནང་ལས་ ལེགས་བཤདཔ་ལས་རོགས་སྦེ་ ལཱ་གཡོག་འགོ་བཙུགས་ཅི།  སྤྱི་ལོ་ ༢༠༠༩ ལུ་ལོ་ཡུན་བཞི་པའི་ གཙུག་ལག་གཞི་རིམ་རྫོང་ཁ་དང་ གཙུག་ལག་གཞི་རིམ་ཆུང་བ་ འགོ་བཙུགས་ནི་ཨིན་པ་ལུ་བརྟེན་ སྤྱི་ལོ་༢༠༠༨ ལུ་ སློབ་སྦྱོང་དང་འབྲེལ་བའི་སྦྱོང་ཚན་གསརཔ་ཚུ་བྲིས་ཡི། ཁོ་གིས་སྤྱི་ལོ་༢༠༡༠ སྤྱི་ ༧ པ་ལས་ སྤྱི་ལོ་༢༠༡༢ སྤྱི་ཟླ་ ༦་པ་ཚུན་ རྒྱ་གར་ Acharya Nagarjuna   གཙུག་ལག་སློབ་སྡེ་ནང་ལུ་ གཙུག་ལག་མཐོ་རིམ་གོང་མའི་ཤེས་ཡོན་མཇུག་བསྡུ་ཡི། སྤྱི་ལོ་ ༢༠༠༡༤་ལས་ སྤྱི་ལོ ༢༠༡༧ ཚུན་ རྫོང་ཁ་གཙུག་ལག་མཐོ་རིམ་གོང་མའི་ཤེས་ཡོན་གྱི་དོན་ལུ་ སྦྱོང་ཚན་གསརཔ་ གསུམ་བྲིས་ཏེ་ ལག་དེབ་ཚུ་བྲིས་ཡི། སྤྱི་ལོ་ ༢༠༡༩ ལོ་ལུ་ གཙུག་ལག་རྫོང་ཁ་གཞི་འཛུགས་སློབ་སྦྱོང་དང་ གཙུག་ལག་གཞི་རིམ་གོང་མའི་དོན་ལུ་ སྦྱོང་ཚན་ཚུ་བསྐྱར་ཞིབ་འབད་དེ་བྲིས་ཡི།

 

 

སྤྱི་ལོ་ ༢༠༡༨ ལོ་ལུ་ མཐོ་རིམ་སློབ་གྲྭའི་ཚོགས་ཆུང་གི་འཐུས་མི་དང་ སྤྱི་ལོ ༢༠༡༧ སྤྱི་ཟླ་ ༩ པ་ལས་ སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༩་པ་ཚུན་ གཙུག་ལག་གཞི་རིམ་ཆུང་བའི་ ཆོས་རྒྱུགས་བོད་ཚོགས་ཀྱི་འཐུས་མི། སྤྱི་ལོ་ ༢༠༡༦ སྤྱི་ཟླ ༡ པ་ལས་ སྤྱི་ལོ་༢༠༡༨ སྤྱི་ཟླ་ ༧ པ་ཚུན་ མཐོ་རིམ་སློབ་གྲྭའི་ རྩོམ་རིགས་ཚོགས་པའི་ འགོ་ཁྲིདཔ། སྤྱི་ལོ་ ༢༠༠༨ ལས་ སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༦ པ་ཚུན་ ཏ་ར་ཡ་ན་ཚོགས་པའི་འགོ་ཁྲིདཔ་སྦེ་ཕྱག་ཞུ་ཡི།

 

 

སྤྱི་ལོ་ ༢༠༡༩ ལས་འགོ་བཙུགས་ཏེ་ ད་ཚུན་ རྫོང་ཁ་གཙུག་ལག་གཞི་རིམ་བར་མའི་ལས་རིམ་འགོ་ཁྲིདཔ་ (Programme Leader) དང་ སྤྱི་ལོ་ ༢༠༡༧ སྤྱི་ ༧ པ་ལས་ད་ཚུན་ སྔར་སྲོལ་རྩེད་རིགས་ཚོགས་པའི་གྲོས་སྟོན་པ་དང་ སྤྱི་ལོ་ ༢༠༡༨ སྤྱི་ ༨ པ་ལས་ད་ཚུན་ རིན་སྤུངས་ཤེས་ཡོན་རིག་པའི་བལྟ་ཞིབ་གྲོས་འཛོམས་ཀྱི་འཐུས་མི་སྦེ་ཕྱག་ཞུ་སྟེ་ཡོདཔ་ཨིན། 

 

Email: kezangdorji.pce@rub.edu.bt