Tandin Peljor

Professional biography

རྟ་མགྲིན་དཔལ་འབྱོར་འདི་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སློབ་དཔོན་སྦྱོང་བརྡར་འབད་ཚུ་གི་སློབ་སྟོན་པ་ཨིན། ཁོ་གིས་ སྤྱི་ལོ་ ༢༠༠༣ ལས་འགོ་བཙུགས་ ནང་པའི་མཐོ་རིམ་སློབ་གྲྭ་ཚུ་ནང་ཟབ་མོ་ལྟ་བའི་གཞུང་དང་རྒྱ་ཆེན་སྤྱོད་པའི་སྲོལ་རྒྱུན་གྱི་རིག་གཞུང་ཚུ་གི་སློབ་སྟོན་གནང་ཡོདཔ་ཨིན། སྤྱི་ལོ་ ༢༠༠༤ ལུ་ འབྲས་ལྗོངས༌རྒྱལ༌པོ༌ དབང་ཕྱུག་རྣམ་རྒྱལ་མཆོག་གིས་ སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུ་རིན་པོ་ཆེ་མཆོག་ལུ་ ཕྱི་ནང་གི་ཤེས་ཚད་ཡོད་མི་སློབ་སྟོན་པ་དགོ་པའི་ཞུ་བ་ཕུལ་ཡོད་མི་དང་བསྟུན་ ཨོ་རྒྱན་རིན་པོ་ཆེའི་སྦས་གནས་འབྲས་མོ་ལྗོངས་ གཙུག་ལག་ཁང་རྒྱལ་པོའི་ཕོ་བྲང་དགོན་པ་ལུ་འགྱུར་ཏེ་ཡོད་པའི་དགོན་སྡེ་ནང་ ལོ་གཉིས་ཀྱི་རིང་ སློབ་པ་ཐོས་བསམ་དང་བྱ་བ་ལས་ཀྱི་འཁོར་ལོའི་ཕྱག་ཕྱིད་གང་དྲག་འབད་ཞུ་ཡོད་པ་གི་མ་དོ་བར་ ཨོ་རྒྱན་གུ་རུ་རིན་ཆེའི་རྣམ་སྤྲུལ་ འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཆོག་གི་ རིགས་བདག་གི་ཡེ་ཤེས་ཀྱི་ལྷ་མོ་ མཁའ་འགྲོ་མ་ ཚེ་རིང་ཆོས་སྒྲོན་མཆོག་ལུ་ཡང་ ལྷག་བསམ་དག་པའི་ཞབས་ཏོག་ཞུ་ནིའི་གི་གོ་སྐབས་ཐོབ་ཡོདཔ་མ་ཚད་རང་གཞན་གྱི་དོན་ལུ་ཐུགས་སྨོན་ཚུ་ཡང་ཞུ་ནིའི་སྐལ་བ་ཐོབ་ནུག སྤྱི་ལོ་ ༢༠༠༦ ལུ་ སེམས་རྟོགས་ཁ་ལམ་སྲོལ་དང་སྐད་ཡིག་མཐོ་རིམ་སློབ་གྲྭ་ནང་ལོ་གཅིག་གི་རིང་ལུ་ ཁ་འབག་གི་སློབ་སྟོན་པ་འབད་ཕྱག་ཞུ་ཡོདཔ་དང་ སྤྱི་ལོ ༢༠༠༦ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་བཙགས་འཐུ་ཆོས་རྒྱུགས་ལས་མཐར་འཁྱོལ་ནུག སྤྱི་ལོ་ ༢༠༠༧ ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ རྫོང་ཁ་གཙུག་ལག་གཞི་རིམ་འོག་མའི་སྦྱོང་བརྡར་མཇུག་བསྡུས་ཡོདཔ་དང་ སྤྱི་ལོ་ ༢༠༠༨ ལུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ཤེས་རིག་ལྷན་ཁག་རྣམ་གཉིས་ཀྱིས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ལེགས་བཤད་པ་གདམ་འཐུ་འབད་ནུག ཁོ་གིས་སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ ལམ་སྲོལ་དྲུང་ཆེན་ རྩོམ་རིག་འགོ་འདྲེན་པ་ སྙན་ཆའི་མཁོ་ཆས་བདག་འཛིན་པ་ཚུ་གི་འགན་འགུར་འབག་ཡོདཔ་དང་

དེ་ལས་རྫོང་གཙུག་ལག་གཞི་རིམ་འོག་མའི་ཤེས་ཡོན་གྱི་ལས་རིམ་འགོ་ཁྲིདཔ།མཐོ༌རིམ༌སློབ༌གྲྭའི༌འཛིན༌སྐྱོང༌ཚོགས༌པའི༌འཐུས་མི།མཐོ༌རིམ༌སློབ༌གྲྭའི༌དངུལ༌རྩིས༌ཚོགས༌པའི༌འཐུས་མི།མཐོ༌རིམ༌སློབ༌གྲྭའི༌སློབ༌རིག༌ཚོགས༌ཆུང༌གི༌འཐུས་མི་དྲུང་ཆེན། མཐོ༌རིམ༌སློབ༌གྲྭའི༌མི༌སྟོབས༌ཚོགས༌པའི༌འཐུས༌མི༌འབད༌ཕྱག་ཞུ་ནུགན་ད་ལྟོ་འབད་བ་ཅིན་ མཐོ༌རིམ༌སློབ༌གྲྭའི༌ཆོས༌རྒྱུགས༌བཀོད༌ཚོགས༌ཀྱི༌འཐུས༌མི༌དྲུང༌ཆེན། མཐོ༌རིམ༌སློབ༌གྲྭའི༌རྫོང་ཁའི་བཀོད༌ཚོགས༌ཀྱི༌ཁྲི་འཛིན། མཐོ༌རིམ༌སློབ༌གྲྭའི༌ཤེས༌རིག༌ཚོགས༌ཆུང༌གི༌འཐུས་མི།མཐོ༌རིམ༌སློབ༌གྲྭའི༌བརྟན་ཞུ་འགོ་འདྲེན་པ་དང་ རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་གྱི་ལས་རིམ་འགོ་ཁྲིདཔ་འབད་ཕྱག་ཞུ་བའི་བསྒང་འདུག་ཟེར་ཞུ་ནི་ཨིན། 

Email: tandinpeljor.pce@rub.edu.bt