སྤྱི་ཚེས ༡༠/༠༢/༢༠༢༠ ལུ་ གཙུག་ལག་མཐོ་རིམ་དམིགས་བསལ་ཤེས་ཡོན་གྱི་སློབ་སྦྱོང་པ་དང་ གཙུག་ལག་མཐོ་རིམ་གོང་མའི་སློབ་སྦྱོང་པ་ཚུ་ སྤ་རོ་རིན་སྤུངས་རྫོང་ནང་ རྟེན་འབྲེལ་རྩིས་སྲུང་མཛད་སྒོའི་ལས་རིམ་སྐོར།

%e0%bd%a6%e0%be%a4%e0%be%b1%e0%bd%b2%e0%bc%8b%e0%bd%9a%e0%bd%ba%e0%bd%a6-%e0%bc%a1%e0%bc%a0-%e0%bc%a0%e0%bc%a2-%e0%bc%a2%e0%bc%a0%e0%bc%a2%e0%bc%a0-%e0%bd%a3%e0%bd%b4%e0%bc%8b-%e0%bd%82%e0%bd%99

སྤྱི་ཚེས ༡༠/༠༢/༢༠༢༠ ལུ་ གཙུག་ལག་མཐོ་རིམ་དམིགས་བསལ་ཤེས་ཡོན་གྱི་སློབ་སྦྱོང་པ་དང་ གཙུག་ལག་མཐོ་རིམ་གོང་མའི་སློབ་སྦྱོང་པ་ཚུ་ སྤ་རོ་རིན་སྤུངས་རྫོང་ནང་ རྟེན་འབྲེལ་རྩིས་སྲུང་མཛད་སྒོའི་ལས་རིམ་སྐོར།

བླམ་གནས་རྟེན་མཆོག་གིས་ བཀའ་སློབ་བཟང་པོའི་གསུང་བཤད་འདི་ དོན་ཚན་ལྔའི་ཐོག་ལུ་གཞི་བཞག་སྟེ་གསུངས་གནང་ཡི།

དང་པ། རང་གི་མི་ཚེ་འདི་ གོ་རིམ་གསུམ་སྦེ་སྐྱོང་དགོཔ་དང་ འདི་ཡང་

༡༽   རང་ཨའི་གིས་སྐྱེས་ཞིནམ་ལས་ ལོ་༣༠ ཚུན་ཚོད་ རང་གི་མི་ཚེ་ནང་དགོ་པའི་ཤེས་ཡོན་ལུ་བརྩོན་ཤུགས་བསྐྱེད་དགོཔ་ཨིན།

༢༽   ལོ ༣༠ ལས ༦༠ ཚུན་ཚོད་ གཞུང་རྩ་བ་གསུམ་ལུ་ལྷག་བསམ་རྣམ་དག་འབད་ཕྱག་ཕྱིད་ཞུ་དགོཔ་ཨིན།

༣༽   ལོ ༦༠ ལས་ཡར་བརྒལ་ཞིནམ་ལས་ ཚེ་ཕྱི་མའི་དོན་ལུ་ དམ་པའི་ཆོས་ལུ་བརྩོན་འགྲུས་བསྐྱེད་དགོཔ་ཨིན།

གཉིས་པ། གོང་གི་དོན་ཚན་གསུམ་པོ་ གྲུབ་འབྲས་འབྱུང་དགོ་པ་ཅིན ༡༽བརྩོན་འགྲུས། ༢༽ཚུལ་ཁྲིམས། ཤེས་རབ་གསུམ་འདི་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ ཇི་སྐད་དུ། ཁྲིམ་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལག་པར་གསུངས། །ཟེར་གསུངས་ཏེ་ཡོདཔ་ལས་ འདི་གསུམ་ལག་ལེན་འཐམ་དགོཔ་ཨིན།

གསུམ་པ། རང་ལུ་ཆོས་སེམས་དགོཔ་དང་ འདི་ཡོད་པ་ཅིན་ དཀོན་མཆོག་གསུམ་རང་ལུ་ཚངམ་ལས་ རང་གི་བྱ་བ་ལམ་འགྲོ་ལེགས་ཤོམ་འགྱོཝ་ཨིན། འདི་ཡང། ༡༽སེམས་ལེགས་ཤོམ་མནོ་མི་འདི་ སངས་རྒྱས། དགེ་བ་སྒྲུབ་དགོ་མནོ་བའི་སེམས་འདི་ ཆོས། ༣༽སེམས་བཟང་པོའི་ཐོག་ལུ་ དགེ་བའི་ལཱ་ལུ་ལག་ལེན་དངོས་སུ་འཐབ་འགྱོ་མི་འདི་ དགེ་འདུན་དཀོན་མཆོག་ཨིན།

བཞི་པ། རང་ལུ་རང་གིས་ཡིད་ཆེས་བསྐྱེད་དགོཔ་དང་ འདི་ཡོད་པ་ཅིན་ རོགས་གཞན་ལུ་ གཡོ་སྒྱུ་དང་མགུ་སྐོར་སོགས་སྤངས་ཏེ་ ཚུལ་མཐུན་གྱི་བྱ་སྤྱོད་ལུ་སྟོན་ཚུགསཔ་ལས་ ཆོས་དང་མཐུན་པའི་བྱ་བ་འབད་ཚུགསཔ་ཨིན།

ལྔ་པ། བྱ་བ་ལམ་འགྲོ་གི་རྒྱུ་ངོ་མ་ བཀའ་དྲིན་དྲན་དགོཔ་དང་ འདི་ཡང་ ༡༽རང་ལུ་དྲིན་ཆེ་བའི་ཕམ་གཉིས་ཀྱི་དྲིན་དྲན་དགོ། ༢༽རང་ལུ་དྲིན་ཆེ་བའི་སློབ་དཔོན་ལུ་དྲིན་དྲན་དགོ། ༣༽སེམས་ཅན་ལུ་དྲིན་ཆེ་བའི་སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་ལུ་དྲན་དགོ།

༤༽འབངས་མི་སེར་ཡོངས་ཀྱི་ཕམ་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ བཀའ་དྲིན་དྲན་དགོཔ་ཁག་ཆེ་བའི་ཁར་ དཔེར་ན། ཆུ་གི་རྐ་གུར་ སྨན་བླུགས་པ་ཅིན་ ཆུ་ག་ཏེ་ལྷོད་སར་ སེམས་ཅན་ཚུ་ལུ་ཕན་ནི་དང་ ཆུའི་རྐ་གུར་ དུག་བླུགས་པ་ཅིན་ ཆུ་ག་ཏེ་ལྷོད་སར་དུག་གིས་ཁྱབ་པའི་སེམས་ཅན་ལུ་གནོད་དོ་བཟུམ་སྦེ་ སློབ་དཔོན་གྱི་འགན་ཁུར་འབག་མི་ཅིག་ཨིན་པའི་ཆ་ལས་ སློབ་ཕྲུག་ཚུ་ལུ་ དཔེ་བཟང་པོ་སྟོན་དགོཔ་འདི་ ག་ནི་ལས་གལ་ཆེཝ་ཨིནམ་དང་ འདི་མེན་པ་ཅིན་ སློབ་ཕྲུག་གི་བྱ་སྤྱོད་ངན་པ་ལུ་འགྱུར་ནིའི་ཉེན་ཁ་ཡོདཔ་ཨིན།