PGDE in Dzongkha
Duration:
One Year
Mode of Study:
Full-Time
Programme Coordinator:
Mr Tashi Tobgay
Programme Overview
རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་ལས་རིམ་འདི་གཙོ་བོ་ར་འབྲུག་གི་ཁྱད་རིག་གནས་ཚད་དང་ལྡན་པའི་འབྲིང་རིམ་སློབ་གྲྭ་འོག་མ་ལས་ འབྲིང་རིམ་སློབ་གྲྭ་གོང་མའི་རྫོང་ཁ་སློབ་དཔོན་དང་། གཞན་ཡང་གཞུང་དང་སྒེར་གྱི་མཐོ་རིམ་སློབ་གྲྭ་ཁག་གི་རྫོང་ཁ་ལེགས་བཤད་པ་ཚུ་ལུ་ རྫོང་ཁ་སྐད་ཡིག་དང་རིག་གཞུང་སློབ་སྟོན་འབད་ཐངས་ཀྱི་སྦྱང་རྩལ་ཐབས་ལམ་དང་ཤེས་ཡོན་སྤྲོད་ཐབས་ལུ་གཞི་བཙུགས་འབད་ཡོདཔ་ཨིན།
སློབ་སྦྱོང་པ་ཚུ་གིས་དེང་དུས་ཀྱི་གནས་སྟངས་དང་མཐུན་པའི་སློབ་སྟོན་འཆར་གཞི་བཟོ་སྟེ་སློབ་སྟོན་འབད་ཐངས་དང་། བརྡ་དོན་འཕྲུལ་རིག་གི་རིག་རྩལ་ མ་འདྲཝ་ཚུ་གནས་སྟངས་ངོ་མའི་ནང་ལག་ལེན་འཐབ་ཚུགས་ནིའི་དོན་ལུ་དང་། འབྲུག་གི་སྲོལ་རྒྱུན་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཚུ་གི་ཐོག་ལས་ སློབ་སྟོན་གྱི་ལཱ་གཡོག་ལུ་བརྩི་མཐོང་བསྐྱེད་དེ་ ལྷག་བསམ་དག་པའི་སྒོ་ལས་ ཁྱད་རིག་ཅན་གྱི་སློབ་དཔོན་ཅིག་སྦེ་འབྲུག་གི་འབྲིང་རིམ་སློབ་གྲྭ་ཚུ་ནང་ དམ་ཚིག་བསྟེན་ཏེ་ཕྱག་ཕྱིད་ཞུ་ཚུགས་པའི་ཞི་གཡོགཔ་ལེགས་ཤོམ་ཅིག་བཟོ་ནིའི་དམིགས་གཏད་བསྐྱེདཔ་ཨིན།
Learning Outcomes & Skills
རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་སློབ་སྦྱོང་ལས་རིམ་མཐར་འཁྱོལ་མི་སློབ་ཕྲུག་ཚུ་གིས་
- སློབ་སྟོན་འབད་ཐངས་ཚུ་ གནས་སྟངས་དང་དུས་མཐུན་བཟོ་སྟེ་ ལེགས་སྒྱུར་འབད་ཚུགས།
- དུས་མཐུན་གྱི་འཆར་གཞི་དང་སྟོན་ཆས་ཚུ་གྲ་སྒྲིག་རྐྱབ་སྟེ་སྤུས་ཚད་ལྡན་པའི་སློབ་སྟོན་འབད་ཚུགས།
- རྫོང་ཁའི་རྩ་གཞུང་ཚུ་དགོས་མཁོ་དང་འཁྲིལ་ཏེ་བསྐྱར་ཞིབ་འབད་ནིའི་གྲོས་འདེབས་ཚུ་ཕུལ་ཚུགས།
- སློབ་ཕྲུག་གི་ཤེས་ཚད་དང་ལྕོགས་གྲུབ་ཚུ་ ཚུལ་མཐུན་སྦེ་དབྱེ་ཞིབ་འབད་ཚུགས།
- སློབ་ཕྲུག་དང་གཅིག་ཁར་འབྲེལ་བ་འཐབ་ཐངས་ཀྱི་རིག་རྩལ་འཐོབ་ཚུགས།
- སློབ་སྟོན་ཐབས་ལམ་ཚུ་ གནས་སྟངས་དང་ སློབ་ཕྲུག་གི་མཁོ་འདོད་དང་འཁྲིལ་ཏེ་ལག་ལེན་འཐབ་ཚུགས།
- བརྡ་དོན་འཕྲུལ་རིག་གི་ཐབས་ལམ་ཚུ་དགོས་མཁོ་དང་བསྟུན་ལག་ལེན་འཐབ་ཚུགས།
- འབྲུག་གི་སྲོལ་རྒྱུན་ནང་ཆོས་དང་འབྲེལ་བའི་ཤེས་ཡོན་ཚུ་ སློབ་སྟོན་འབད་ཚུགས།
Who the Programme Is For

Curriculum Structure
Year I ( Semester I )
Modules
- PSY503: Introduction to Educational Psychology
- PED508: སློབ་སྟོན་སྦྱང་རྩལ་དང་ཐབས་ལམ།
- ASE503: དབྱེ་ཞིབ་ཐབས་ལམ།
- PED511: སྐད་ཡིག་དང་རྩོམ་རིག་སློབ་སྟོན།
- EDT609: Educational Technology
Year I ( Semester II )
Modules
- PRT504: སློབ་གྲྭའི་ཉམས་མྱོང་དང་སློབ་སྟོན་སྦྱང་བ།
- PED605: ནང་ཆོས་སློབ་སྦྱོང་།
- CUR605: སློབ་གྲྭའི་རྩ་གཞུང་སློབ་སྦྱོང་།