Master of Education in Dzongkha
Duration:
Three Years
Mode of Study:
Part-Time
Programme Coordinator:
Mr Ngawang Jamtsho
Programme Overview
གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་ལས་རིམ་འདི་རྒྱལ་ཁབ་རང་དབང་གི་ངོ་རྟགས་གཞུང་སྐད་རྫོང་ཁ་དང་ལམ་སྲོལ། ནང་ཆོས་ཀྱི་ཆོས་ཚན་ཚུ་ལུ་གཏིང་ཟབ་ཀྱི་ཞིབ་འཚོལ་འབད་ཞིནམ་ལས། རྫོང་ཁའི་ཐོག་ལུ་ཞིབ་འཆད་རྩོད་རྩོམ་གསུམ་གྱི་ལཱ་ག་ཅི་འབད་རུང་ཤེས་ཡོན་ལམ་ལུགས་དང་འཁྲིལ་འབད་ཚུགསཔ་བཟོ་ནི་དང་།དམ་པའི་ཆོས་ཀྱི་གཞི་རྩ་གཙོ་བོ་ལས་རྒྱུ་འབྲས། ཐ་དམ་ཚིག། སྒྲིག་ལམ་ཆོས་གསུམ་ཚུ་རྒྱལ་ཁབ་ཡར་རྒྱས་ཀྱི་གནས་སྟངས་དང་འཁྲིལ་སློབ་ཕྲུག་ཚུ་ལུ་སློབ་སྟོན་འབད་ཚུགསཔ་བཟོ་ནི་དང་། དེ་ཚུ་ལཱ་གཡོག་གི་ས་ཁོངས་ནང་ལག་ལེན་དངོས་འཐབ་འབད་ཚུགས་པའི་མཁས་རིག་ཅན་གྱི་སློབ་དཔོན་དྲག་ཤོས་ཅིག་བཟོ་ནིའི་དོན་ལུ་ཨིན། ལྷག་པར་དུ་རྒྱལ་ཁབ་ཡར་རྒྱས་ཀྱི་གནས་སྟངས་དང་མཐུན་པའི་སློབ་སྟོན་ཐབས་ལམ་དང་དབྱེ་ཞིབ་ལམ་ལུགས། གཞན་ཡང་ལྷབ་སྦྱང་དང་ཁྱད་རིག་གོང་འཕེལ་ལུ་ངེས་པར་དགོས་མཁོ་ཆེ་བའི་ཞིབ་འཚོལ་ཐབས་ལམ་དང་། སློབ་སྟོན་གྱི་ལས་རིམ་ནང་བརྡ་དོན་འཕྲུལ་རིག་གི་རིག་རྩལ་ཚུ་ལག་ལེན་དངོས་འཐབ་འབད་ཚུགས་པའི་རིག་རྩལ་སྤྲོད་ནིའི་དོན་ལུ་ཨིན།
Learning Outcomes & Skills
གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་ལས་རིམ་མཐར་འཁྱོལ་མི་སློབ་ཕྲུག་ཚུ་གིས་སློབ་སྦྱོང་འདི་མཇུག་བསྡུཝ་ད་:
༡ རྫོང་ཁའི་ཡིག་སྡེབ། ཚིག་ཕྲད། ཚིག་སྦྱོར་ཚུ་ཆོས་སྐད་ཀྱི་བརྡ་སྤྲོད་གཞུང་དང་ག་བསྡུར་འབད་ཚུགས།
༢ ནང་པའི་རིག་གཞུང་དང་ནང་ཆོས་ཀྱི་བརྗོད་གཞི་ཐོག་ལུ་ཤེས་ཡོན་ལམ་ལུགས་དང་ཞིབ་འཚོལ་འབད་ཚུགས།
༣ རྫོང་ཁ་ཐོག་ལུ་འཆད་རྩོད་རྩོམ་གསུམ་དང་འབྲེལ་བའི་མཁས་རིག་གི་ལཱ་འགོ་འདྲེན་འཐབ་ཚུགས།
༤ ཀུན་སློང་དང་ཀུན་སྤྱོད་ལེགས་སྒྱུར་གྱི་དོན་ལུ་ཞི་གནས་སྒོམ་ཐབས་ཀྱི་ཉམས་ལེན་སློབ་ཕྲུག་ལུ་དཔེ་སྟོན་འབད་ཚུགས།
༥ ཞིབ་འཚོལ་གྱི་ཁྱད་རྣམ་ཚུ་ལག་ལེན་འཐབ་སྟེ་ཞིབ་འཚོལ་ལས་སྣ་ཚུ་འགོ་འདྲེན་འཐབ་ཚུགས།
༦ དུས་རབས་༢༡ པའི་སློབ་ཕྲུག་གཙོར་བཏོན་གྱི་ཐབས་ལམ་ཚུ་ཆོས་ཚན་གྱི་རང་བཞིན་དང་འཁྲིལ་ལག་ལེན་འཐབ་ཚུགས།
༧ བརྡ་དོན་འཕྲུལ་རིག་གི་རིག་རྩལ་ཚུ་སློབ་སྟོན་དང་ལྷབ་སྦྱང་ལས་རིམ་ནང་ལག་ལེན་འཐབ་ཚུགས།
༨ ཤེས་ཡོན་འབྲི་རྩལ་གྱི་ཁྱད་རྣམ་ཚུ་ལག་ལེན་འཐབ་སྟེ་རྫོང་ཁ་ཐོག་ལུ་འཆད་རྩོད་རྩོམ་གསུམ་འབད་ཚུགས།
Who the Programme Is For
གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་ལས་རིམ་འདི་གཞུང་དང་སྒེར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་། མཐོ་རིམ་སློབ་གྲྭ་ཚུ་ནང་རྫོང་ཁ་སྐད་ཡིག་དང་། ནང་པའི་རིག་གཞུང་སློབ་སྟོན་གནང་མི་རྫོང་ཁ་སློབ་དཔོན་དང་། རྫོང་ཁ་ལེགས་བཤད་པ་གཙུག་ལག་གཞི་རིམ་གྱི་ཤེས་ཚད་ཡོད་མི་ཚུ་ལུ་གཙུག་ལག་མཐོ་རིམ་གོང་མའི་ཤེས་ཡོན་འཕྲོ་མཐུད་སྦྱང་ནིའི་གོ་སྐབས་འབྱིན་ཐབས་ལུ་གཞི་བཙུགས་འབད་ཡོདཔ་ཨིན།
Curriculum Structure
Year I ( Semester I )
Modules
- DLN611 སྐད་ཡིག་ཞིབ་སྦྱོང་།
- EDT505 Educational Technology
Year I ( Semester II )
Modules
- RES503 ཞིབ་འཚོལ་ཐབས་ལམ།
- PED505 ནང་ཆོས་སློབ་སྦྱོང་།
Year II ( Semester I )
Modules
- PED507 ཞི་གནས་ཉམས་ལེན།
- PED506 ནང་རིག་བསླབ་སྟོན།
Year II ( Semester II )
Modules
- DLN713 ཡིག་སྦྱོར་ཞིབ་སྦྱོང་།
- RES504 ཞིབ་འཚོལ་གྲོས་འཆར།
Year III ( Semester I )
Modules
- PED608 སློབ་སྟོན་ཐབས་ལམ།
- DLT603 རྫོང་ཁ་སྙན་རྩོམ།
Year III ( Semester II )
Modules
- RES605 ཞིབ་འཚོལ་རྩོམ་ཡིག།
