Karma Gyalley

Professional biography

ཀརྨ་དགེ་ལེགས་ཟེར་མི་འདི་གཞུང་ཁ་སློབ་དཔོན་ཅིག་རང་ཨིན། སྦྱོང་ཚན་གྱི་ནང་དོན་འདི་ ནང་ཆོས་དང་འབྲེལ་བ་མེད་པའི་སྐོར་ལས་ཡོད་རུང་སྟོན་པའི་སྐབས་ལུ་ རྫོང་ཁའི་ཐོག་ལས་རང་སྟོན་དགོཔ་ཨིནམ་མས། སྤྱི་ལོ་༢༠༡༠་ལུ་ནི་རུ་དབང་ཕྱུག་གི་ པི་ཨེཆ་ཌི་གི་སློབ་སྦྱོང་གོ་སྐབས་ཅིག་ཐོབ་ཡོདཔ་ལས་ སྤྱི་ལོ་༢༠༡༣་ལུ་མཇུག་བསྡུ་ནུག། སྤྱི་ལོ་༡༩༩༩་ལུ་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ རྫོང་ཁ་ བི་ཨེ་ཨོ་ནརཨི་ མཇུག་བསྡུཝ་ཞིནམ་ལས་ བསམ་རྩེ་སློབ་སྦྱོང་སྤེལ་ཁང་ལུ་ སྤྱི་ལོ་༢༠༠༠་ལུ་སློབ་དཔོན་སྦྱོང་བརྡར་འབད་བ་འགྱོ་དགོཔ་ཨིན་རུང་ བསམ་རྩེ་མཐོ་སློབ་འདི་རྫོང་ཁ་པི་ཇི་སི་ཨི་ལེན་ནི་ལུ་ གྲ་སྒྲིག་མེད་ཟེར་སླབ་སྟེ་ ཁོ་མཐའ་ཟུར་གྱི་སློབ་གྲྭ་ཆུང་བ་ཅིག་ནང་བཏང་ནུག། སློབ་གྲྭ་དེ་ནང་ སློབ་རིམ་དང་པ་ལས་སློབ་རིམ་དྲུག་པ་ཚུན་ ཆོས་ཚན་ཚུ་སློབ་གོངམ་གིས་ག་སྟོན་བཅུག་མི་འདི་ སྟོན་ཏེ་ཕྱག་ཞུ་ནུག། ཆོས་ཚན་ཚུ་ཡང་ཚན་རིག། ཨིང་ལིཤི། ཨང་རྩིས་དང་རྫོང་ཁ་ཚུ་ཨིནམ་མས།

 

 

ཁོ་གིས་སྤྱི་ལོ་༢༠༠༡་ལས་བསམ་རྩེ་སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་བའི་ཤུལ་ལས་ སྤྱི་ལོ་༢༠༠༢་ལོ་ལུ་ སྤ་རོ་ཤེས་རིག་སློབ་སྦྱོང་སྤེལ་ཁང་ལུ་ གནས་སོར་ཕོག་ནུག། ཁོ་གིས་གཞུང་ཁ་སློབ་དཔོན་སློབ་སྦྱོང་པ་ཚུ་ལུ་ རྫོང་ཁའི་ཆོས་ཚན་དང་ཨིང་ལིཤི་གི་སྦྱོང་ཚན་སྟོན་ནི་གི་གོ་སྐབས་ཐོབ་སྟེ་ སློབ་དཔོན་གྱི་ལཱ་གན་འགོ་བཙུགས་ནུག། སྤྱི་ལོ་༢༠༠༤་སྤ་རོ་ཤེས་རིག་སྤེལ་ཁང་གི་འཛིན་སྐྱོང་གིས་འབད་ སློབ་རིམ་གསུམ་པ་ལས་དྲུག་པ་ཚུན་གྱི་སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་ཐངས་ཀྱི་སྦྱང་བ་ཐོབ་ནི་དོན་ལུ་ རིན་སྤུངས་སློབ་གྲྭ་ཆུང་བ་ནང་ལུ་སློབ་དུས་ཅིག་གི་རིང་ལུ་སློབ་སྟོན་སྦྱང་བ་འབད་བར་བཏང་ནུག། དེ་ལས་སྤེལ་ཁང་འདི་ནང་རིམ་པ་བཞིན་དུ་པི་ཏྲི་སི་དང་ཛེཏྲི་སི་གཉིས་མཇུག་བསྡུ་ཡི་རང་འགྱོཝ་ད་ རྫོང་ཁ་བི་ཨིདྲེ་དང་པྲའི་མ་རི་བི་ཨིཌེ་གི་སློབ་སྦྱོང་པ་ཚུ་ལུ་ རྫོང་ཁའི་ཆོས་ཚན་ཚུ་སྟོན་ནི་གི་གོ་སྐབས་མང་སུ་མང་སུ་ཐོབཔ་ལས་སྦྱོང་ཚན་ཡང་རྫོང་ཁ་བརྡ་དོན་སྤྲོད་ལེན། རྫོང་ཁ་སློབ་སྟོན་ཐབས་ཤེས། སློབ་སྟོན་སྦྱང་རྩལ་དང་རྒྱང་འབྲེལ་ཤེས་ཡོན་སློབ་སྦྱོང་པ་ཚུ་ལུ་ལྷབ་རིག་རྣམ་བཤད་ཚུ་སྟོན་ནུག། རྒྱལ་ཁབ་ཀྱི་དགོས་མཁོ་དང་བསྟུན་ ལས་རིམ་གསརཔ་ཚུ་རིམ་པ་བཞིན་ནུ་འགོ་བཙུགས་ཅི་རང་འོངམ་ད་ ཆོས་ཚན་ཡང་མང་སུ་སྟོན་དགོཔ་འབྱུངམ་ལས་ཕྲལ་ཁམས་ཀྱི་གོ་སྐབས་བཟུམ་འབད་བ་ཅིན་ རྫོང་ཁ་མཱས་ཏྲར་ཚུ་གི་ཆོས་ཚན་ཞིབ་འཚོལ་དང་ལྷབ་སྦྱང་གི་ལྟ་བ་སོགས་ཡང་སྟོན་ནི་གི་གོ་སྐབས་ཐོབ་ནུག། འདས་པའི་ལོ་དེ་ཚུ་ནང་ལུ་ཁོ་གིས་པི་བི་ཨི་གི་འཐུས་མི་འབད་ལོ་བརྒྱད་ཕྱག་ཞུཝ་མ་ཚན་སྤྱི་ལོ་༢༠༠༣་ལས་༢༠༠༨་ཚུན་སློབ་སྦྱོང་སྤེལ་ཁང་གི་རྩོམ་རིག་ཚོགས་པ་འདི་འགོ་འདྲེན་འཐབ་ནུག། ཁོ་ད་ལྟོ་སྟག་རྩེ་སྐད་ཡིག་དང་ལམ་སྲོལ་གྱི་ཕྱི་འདྲེན་ཞིབ་དཔྱོད་པའི་གནས་ཡུན་མ་རྫོགས་པར་འདུག། 

Email: karmagyalley.pce@rub.edu.bt