ང་བཅས་མཐོ་རིམ་སློབ་གྲྭ་ནང་ལུ་ ཟླ་རིམ་བཞིན་དུ་བསམ་སྤྱད་ཤེས་ཡོ ན་གྱི་ལས་རིམ་འགོ་འདྲེན་འཐབ་སྲོ ལ་ཡོད་མི་འདི་ ད་རིས་ ཏཱ་ར་སྒྲལ་མའི་ལྷ་ཁང་གི་གཙོ་འཛི ན་ མཁན་སྤྲལ་བསྟན་འཛིན་ཆོས་ཀྱི་འབྱུ ང་གནས་མཆོག་འབྱོན་གནང་སྟེ་ ལོ་ངོ་གཉིས་པའི་ན་གཞོན་སློབ་ཕྲུ ག་ཚུ་ལུ་ མིའི་ལུས་རྟེན་འདི་ རྟེན་གཞན་ལས་ཁྱད་པར་འཕགས་ཚུལ་ དང་ མི་ཆོས་གཙང་མ་བཅུ་དྲུག་གི་ལག་ལེ ན། དུས་རྒྱན་རང་གི་ཞི་བདེའི་དོན་དུ ་བཟོད་པ་དང་བརྩོན་འགྲུས་འདི་གལ་ ཆེཝ་ཨིན་ཚུལ། སེམས་བདག་འཛིན་འབད་ཐངས་དང་ དུས་རྒྱན་དུ་རང་གི་མི་ཚེ་ནང་ ཤེས་ཡོན་ཁག་ཆེ་བའི་སྐོར་ལས་བཀའ་ སློབ་ལམ་སྟོན་གནང་ཡོདཔ་མ་ཚད་ མཐོ་རིམ་སློབ་གྲྭའི་འཐུས་དཔོན་ ཚུ་ལུ་བཀྲིས་ཁ་དར་དང་ ན་གཞོན་སློབ་ཕྲུག་ཚུ་ལུ་བསམ་ འཆར་གྱི་ལས་རིམ་དང་དོགས་གཅོད་ཚུ ་ཡང་འབད་གནང་ཡོདཔ་ཨིན།
