| Bachelor of Primary Dzongkha (Full Time) | 
ལས་རིམ་གྱི་དམིགས་གཏད།
སློབ་སྦྱོང་ལས་རིམ་འདི་ལུ་བརྟེན་ཏེ་ སློབ་ཕྲུག་ཚུ་ གཞི་འཛུགས་འོག་མ་དང་གོང་མའི་ སློབ་སྟོན་དང་འབྲེལ་བའི་ ལྷབ་མིའི་སྐོར་ལས་ཧ་གོ་དགོཔ། གཞི་འཛུགས་ཀྱི་སློབ་སྟོན་ཐབས་ཤེས། ཆོས་ཚན་མཁས་སྦྱང་། ཁྱད་རིག་ཡར་རྒྱས། རང་ཡར་རྒྱས་བརྩི་མཐོང་གི་སྦྱོང་ཚན་ཚུ་སྦྱང་བ་འབད་དེ་སློབ་ཕྲུག་དང་མཉམ་འབྲེལ་འཐབ་ཐངས་དང་སློབ་སྟོན་འབད་ཐངས་ཚུ་ཨ་ལོའི་ཡར་རྒྱས་ཀྱི་འགྱུར་བ་དང་འཁྲིལ་བའི་ཐབས་ལམ་སྣ་ཚོགས་བཏོན་ནིའི་ནང་ ཁྱད་རིག་གནས་ཚད་དང་ལྡན་པའི་ འཇོན་སྟངས་ཅན་གྱི་སློབ་སྟོན་པ་ཅིག་ལུ་གྱུར་ཚུགས།
ལས་རིམ་སློབ་སྦྱོང་གྲུབ་འབྲས།
སློབ་སྦྱོང་ལས་རིམ་འདི་མཇུག་བསྡུཝ་ད་ སློབ་སྦྱོང་ལས་རིམ་འདི་ནང་ལས་ མཐར་འཁྱོལ་མི་སློབ་ཕྲུག་ཚུ་གིས་
ཀ གཞི་རིམ་ཆུང་བའི་ སློབ་ཕྲུག་གི་སྐོར་ལས་དང་ ཤེས་རིག་སྲིད་བྱུས་ལམ་ལུགས་ཚུ་གི་སྐོར་ལས་ལྷབ་ཞིནམ་ལས་ སློབ་ཕྲུག་གི་ཡོན་ཏན་སྦྱང་ཐངས་དང་འཁྲིལ་བའི་ གནས་སྐབས་དང་འཛིན་སྐྱོང་གི་ལམ་ལུགས་ཚུ་ལག་ལེན་འཐབ་ཚུགས།
ཁ དུས་རབས་༢༡ པའི་སློབ་སྟོན་ཐབས་ལམ(བརྡ་དོན་འཕྲུལ་རིག ཕན་ནུས་ཅན་གྱི་བརྡ་དོན་སྤྲོད་ལེན། ཚེ་གཅིག་ལྷབ་སྦྱང་།) ཚུ་ ནང་སྒྲིལ་འབད་དེ་ ལག་ལེན་དངོས་འཐབ་དང་དོན་སྨིན་ཅན་སྦེ་ འབད་ཚུགས།
ག ལྷབ་སྟོན་གྱི་ལཱ་ཚུ་ རིག་པ་གསར་གཏོད་དང་ གསར་སྐྲུན་གྱི་ཐོག་ལས་ འབད་ཚུགས།
ང ཨ་ལོའི་ མཐའ་འཁོར་གནས་སྟངས་དང་བསྟུན་པའི་ ཉེན་སྲུང་དང་ཕན་ཐོགས་ཆེ་བའི་ ལྷབ་སྦྱང་འགོ་འདྲེན་འཐབ་ཚུགས།
ཅ སློབ་ཕྲུག་གི་ རང་གཤིས་སྣ་ཚོགས་ཡོད་མི་ཚུ་གི་ དབྱེ་བ་ཕྱེས་ཏེ་ དེ་དང་མཐུན་པའི་ སྐྱོང་གཞག་འཐབ་ཚུགས།
ཆ སློབ་ཕྲུག་གི་ལྕོགས་གྲུབ་དང་བསྟུན་པའི་ དབྱེ་ཞིབ་ལམ་ལུགས་མ་འདྲཝ་ཚུ་ དང་ལེན་འབད་དེ་ སློབ་ཕྲུག་གི་ཤེས་ཡོན་གོང་འཕེལ་གཏང་ཚུགས།
ཇ སློབ་སྟོན་དང་འབྲེལ་བའི་ དཀའ་ངལ་དང་གདོང་ལེན་ཚུ་ ལག་ལེན་ཞིབ་འཚོལ་གྱི་ཐོག་ལས་ སེལ་ཐབས་བསྒྲིག་ཚུགས།
ཉ སྙན་ཆ་དང་ སྒྱུ་རྩལ་གྱི་རིག་པ་ཚུ་ གོམས་སྦྱང་འབད་དེ་ སློབ་སྟོན་སྐབས་ལུ་ ནང་སྒྲིལ་འབད་ཚུགས།
ཏ སྐད་ཡིག་དང་ བརྡ་སྦྱོར་གྱི་རྣམ་གཞག་ཚུ་ སློབ་སྟོན་དང་རྩོམ་སྒྲིག་ནང་ མ་འཛོལ་བར་ ལག་ལེན་འཐབ་ཚུགས།
ཐ སློབ་སྟོན་འཁོར་རིམ་(འཆར་གཞི། སློབ་སྟོན། དབྱེ་དཔྱད) དང་ རྒྱལ་སྤྱིའི་ལམ་ལུགས་ནང་ ཆ་གནས་ཡོད་པའི་ཁྱད་འཕགས་ཅན་གྱི་ སློབ་སྟོན་སྦྱང་རྩལ་དང་ སློབ་སྟོན་ཐབས་ལམ་ཚུ་ དུས་རྒྱུན་གྱི་སློབ་སྟོན་ནང་འབྲེལ་བ་བཟོ་སྟེ་ སྟོན་ཚུགས།
ད གཞི་རིམ་ཆུང་བའི་ སློབ་གྲྭའི་རྩ་གཞུང་གི་ དགོས་མཁོ་དང་འཁྲིལ་ཏེ་ དང་ལེན་ཚུལ་མཐུན་འབད་ཚུགས།
ན བློ་གསར་སློབ་རིམ་ལས་ སློབ་རིམ་དྲུག་པ་ཚུན་གྱི་ སློབ་ཕྲུག་ཚུ་དང་འབྲེལ་བ་འཐབ་པའི་སྐབས་སུ་ ནང་པའི་ཆོས་དང་རིག་གཞུང་གི་ ནང་དོན་དང་མཐུན་པའི་བསམ་སྤྱོད་ཚུ་ དཔེ་སྟོན་དང་ ལམ་སྟོན་འབད་ཚུགས།
རྩ་གཞུང་བཀོད་རིས།
| ལོ་ངོ་། | སློབ་དུས། | སྦྱོང་ཚན། | ||||
| ༡ | I | APC101
 Information Technology Literacy  | 
DZG101
 རྫོང་ཁ་བརྡ་དོན་སྤྲོད་ལེན།  | 
ACS102
 སློབ་རིག་འབྲི་རྩལ།  | 
PER102
 སྒྲིག་ལམ།  | 
DLN101
 ཡིག་སྡེབ།  | 
| II | PER103
 རང་ལུགས་སྙན་ཆའི་ངོ་སྤྲོད།  | 
PED104
 ལྷབ་སྟོན་གྱི་ལས་ འགུལ་ཐབས་ཤེས།  | 
DLN102
 ལྷག་རྩལ་ཞིབ་སྦྱོང་།  | 
DLN103
 ཕྲད་རྣམ་དབྱེའི་སྦྱོར་བ།  | 
PSY102
 Child Development  | 
|
| ༢ | I | DLN204
 དུས་གསུམ་རྣམ་གཞག  | 
DLN205
 འབྲི་རྩལ་ཞིབ་སྦྱོང་།  | 
PSY104
 Learning Process  | 
PED202
 ཕན་ནུས་སློབ་སྟོན་སྦྱང་རྩལ།  | 
DLN206
 ཉན་སླབ་སློབ་སྟོན།  | 
| II | CAA202
 གཞི་འཛུགས་འོག་མའི་གསར་གཏོད་སྒྱུ་རྩལ།  | 
EAS208
 Introduction to Early Childhood Education  | 
PHY201
 བག་ཡོད་དང་ཤེས་བཞིན་ཉམས་ལེན།  | 
DLN207
 ལྷག་ནི་སློབ་སྟོན།  | 
ASE202
 དབྱེ་ཞིབ་ལམ་ལུགས།  | 
|
| ༣ | I | ISA401
 Teaching Children with Special Needs  | 
DLN308
 བྲི་ནི་སློབ་སྟོན།  | 
RES302
 ཤེས་རིག་ལག་ལེན་ཞིབ་འཚོལ་ངོ་སྤྲོད།  | 
EDT302
 ལྷབ་སྟོན་བརྡ་དོན་འཕྲུལ་རིག  | 
PED307
 གཞི་རིམ་སློབ་སྟོན་ཐབས་ལམ།  | 
| II | PRT303 ཁྱད་རིག་ཉམས་མྱོང་། | |||||
| ༤ | I | DLT401
 ལེགས་བཤད་དང་བསླབ་བྱ།  | 
DLT402
 ཚིག་རྒྱན། དང་པ།  | 
CAA404
 གཞི་འཛུགས་གོང་མའི་གསར་གཏོད་སྒྱུ་རྩལ།  | 
DLN409
 མངོན་བརྗོད།  | 
DLT403
 ཨ་ལུའི་རྩོམ་རིག་སློབ་སྟོན།  | 
| II | CUR402
 རྩ་གཞུང་སློབ་སྦྱོང་།  | 
EAS409
 Play in Early Childhood  | 
CUR404
 འབྲུག་གི་ཤེས་རིག་རིམ་ལུགས།  | 
DLT404
 ཚིག་རྒྱན། གཉིས་པ།  | 
གདམ་ཁའི་ཆོས་ཚན།PER404
 ཆོས་དང་འཇིག་རྟེན་གྱི་བྱ་གཞག PER405 འབྲུག་རྩིས་རྣམ་གཞག EDC401 Introduction to Guidance and Counseling  | 
|
འཛུལ་ཞུགས་དགོས་མཁོ།
དུས་རྒྱུན་སློབ་སྦྱོང་ འབད་མི་ཚུ་གི་དོན་ལུ་ འཛུལ་ཞུགས་ཀྱི་ཚད་གཞི་འདི་ སློབ་རིམ་༡༢ པའི་ལག་ཁྱེར་འཆང་མི་ཚུ་དགོཔ་དང་ དེ་ཚུ་ཡང་ མཐོ་རིམ་སློབ་གྲྭའི་ བཙག་འཐུ་གི་ལམ་ལུགས་དང་འཁྲིལ་ཏེ་ སློབ་རིམ་༡༠པ་དང་༡༢པའི་སྐུགས་དང་ ངག་རྒྱུགས་ཀྱི་སྐུགས་བསྡོམས་འབད་དེ་ གདམ་འཐུ་འབད་ནི་ཨིན།
For Inquiries , you may contact:Mr. Penjor Mr. Karma Yeshey Programme Leader Dean of Academic Affairs Bachelor of Education in Dzongkha Email: karmayeshey.pce@rub.edu.bt Email: penjor.pce@rub.edu.bt Phone # +975-8-27620 Phone # +975-8-276661 
 
 Fee Structure Inquires about tuition fees may be directed to sangaychoden.pce@rub.edu.bt at phone number +975-8-271497  | 
 ![]()