Choeshay Program
ང་བཅས་མཐོ་རིམ་སློབ་གྲྭ་ནང་ལུ་ ཟླ་རིམ་བཞིན་དུ་བསམ་སྤྱད་ཤེས་ཡོན་གྱི་ལས་རིམ་འགོ་འདྲེན་འཐབ་སྲོལ་ཡོད་མི་འདི་ ད་རིས་ ཏཱ་ར་སྒྲལ་མའི་ལྷ་ཁང་གི་གཙོ་འཛིན་ མཁན་སྤྲལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས་མཆོག་འབྱོན་གནང་སྟེ་ ལོ་ངོ་གཉིས་པའི་ན་གཞོན་སློབ་ཕྲུག་ཚུ་ལུ་ མིའི་ལུས་རྟེན་འདི་ རྟེན་གཞན་ལས་ཁྱད་པར་འཕགས་ཚུལ་དང་ མི་ཆོས་གཙང་མ་བཅུ་དྲུག་གི་ལག་ལེན། དུས་རྒྱན་རང་གི་ཞི་བདེའི་དོན་དུ་བཟོད་པ་དང་བརྩོན་འགྲུས་འདི་གལ་ཆེཝ་ཨིན་ཚུལ། སེམས་བདག་འཛིན་འབད་ཐངས་དང་ དུས་རྒྱན་དུ་རང་གི་མི་ཚེ་ནང་ ཤེས་ཡོན་ཁག་ཆེ་བའི་སྐོར་ལས་བཀའ་སློབ་ལམ་སྟོན་གནང་ཡོདཔ་མ་ཚད་ མཐོ་རིམ་སློབ་གྲྭའི་འཐུས་དཔོན་ཚུ་ལུ་བཀྲིས་ཁ་དར་དང་ ན་གཞོན་སློབ་ཕྲུག་ཚུ་ལུ་བསམ་འཆར་གྱི་ལས་རིམ་དང་དོགས་གཅོད་ཚུ་ཡང་འབད་གནང་ཡོདཔ་ཨིན།


