Tashi Tobgay

Professional biography

བཀྲ་ཤིས་སྟོབས་རྒྱལ་འདི་ ནང་པའི་རིག་གཞུང་ནང་ལུ་ གཙུག་ལག་ཤེས་ཡོན་གྱི་ལག་ཁྱེར་ཡོད་མི་ ཤེས་རིག་སློབ་སྟོན་པ་ཅིག་ཨིན། ཁོ་གིས་ སྤྱི་ལོ་ ༢༠༠༢ ལས་ སྤྱི་ལོ་ ༢༠༡༡ ཚུན་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་མངའ་འོག་ལུ་ཡོད་པའི་ སེམས་རྟོགས་ཁ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་ནང་ལུ་ ནང་པའི་རིག་གཞུང་གི་ལེགས་བཤད་པ་སྦེ་ ཕྱག་ཞུ་ནུག། སྤྱི་ལོ་ ༢༠༡༡ ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་ལུ་ གནས་སོར་འོང་སྟེ་ ད་ལྟོ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ལེགས་བཤད་པ་སྦེ་ ཕྱག་ཞུ་བཞིན་དུ་ཡོད། ཁོ་གིས་ རྫོང་ཁའི་ཁྱད་རིག་གི་སྦྱོང་ཚན་དང་ ཤེས་རིག་དང་འབྲེལ་བའི་ཞིབ་འཚོལ་གྱི་སྦྱོང་ཚན་ཚུ་ སློབ་སྟོན་འབདཝ་ཨིན། ཁོ་གིས་ སྤྱི་ལོ་ ༢༠༠༢ ལུ་ བསམ་རྩེ་རྒྱལ་ཡོངས་ཤེས་རིག་སྤེལ་ཁང་ནང་ལས་ སློབ་སྟོན་ནང་ལུ་ གཙུག་ལག་མཐོ་རིམ་གྱི་སྦྱོང་བརྡར་འབད་ནུག །

 

དེ་ལས་ སྤྱི་ལོ་ ༢༠༠༨ ལུ་ ནང་པའི་རིག་གཞུང་སློབ་དཔོན་གྱི་སློབ་སྦྱོང་འདི་ གཞུང་དགེ་འདུན་གཙུག་ལག་ཡིག་ཚང་གི་མངའ་འོག་ལུ་ སློབ་སྦྱོང་འབད་ནུག། ཁོ་ལུ་ མི་ལོ་ ༡༩ གི་རིང་ ཆེས་མཐོའི་ཤེས་ཡོན་ནང་ལུ་ སློབ་སྟོན་འབད་ནིའི་ཁྱད་རིག་དང་ ཞིབ་འཚོལ་གྱི་ ཉམས་མྱོང་ཡོད་མི་ཅིག་ཨིན། ཁོ་གིས་ གཙུག་ལག་མཐོ་རིམ་དང་ གཙུག་ལག་མཐོ་རིམ་གོང་མའི་ སློབ་སྦྱོང་གི་ཕན་གནོད་བརྟག་ཞིབ་ཀྱི་ ཞིབ་འཚོལ་ནང་ལུ་ འཐུས་མི་འབད་ བཅའ་མར་གཏོགས་ཡོདཔ་ཨིན། དེ་མ་ཚད་ གཙུག་ལག་མཐོ་རིམ་ནང་ལུ་ ཞིབ་འཚོལ་གྱི་སློབ་སྟོན་དང་ གཙུག་ལག་མཐོ་རིམ་གོང་མའི་ཞིབ་འཚོལ་རྩོམ་ཡིག་གི་གྲོས་སྟོན་པ་གཙོ་བོ་སྦེ་ ཕྱག་ཞུ་བའི་བསྒང་ཡོད།

 

དེ་ལས་ རྫོང་ཁ་གཙུག་ལག་གཞི་རིམ་གཞི་འཛུགས་ཤེས་ཡོན་ནང་ལུ་ སྦྱོང་ཚན་བཟོ་མི་འཐུས་མི་དང་། གཙུག་ལག་མཐོ་རིམ་གོང་མའི་ ཤེས་ཡོན་དང་འབྲེལ་བའི་ཞིབ་འཚོལ་གྱི་སྦྱོང་ཚན་ཚུ་ཡང་ བཟོ་སྟེ་ཡོད། ཁོ་གིས་ ད་ལྟོ་ གཙུག་ལག་གཞི་འཛུགས་ཤེས་ཡོན་དང་། རྫོང་ཁ་གཙུག་ལག་མཐོ་རིམ་གོང་མའི་ལས་རིམ་ཚོགས་ཆུང་གི་འཐུས་མི་དང་། མཐོ་རིམ་སློབ་གྲྭའི་རྩོམ་རིག་ཚོགས་ཆུང་གི་འགོ་འཁྲིདཔ་དང་། མཐོ་རིམ་སློབ་གྲྭའི་དུས་དེབ་ཚོགས་པའི་འཐུས་མི་གི་ ལཱ་འགན་ཚུ་ ཕྱག་ཞུ་བཞིན་དུ་ཡོདཔ་ཨིན། ཁོ་གིས་ དུས་རབས་ ༢༡ པའི་ནང་ལུ་ ཁག་ཆེ་བའི་ སློབ་སྟོན་རིག་རྩལ་དང་ ཐབས་ལམ་ཚུ་ ཞིབ་འཚོལ་གྱི་སྒོ་ལས་ གསར་གཏོད་དང་ གསར་བཟོ་འབད་ནི་ལུ་ སྤྲོ་བ་བསྐྱེདཔ་ཨིན།  

Email: tashitobgay.pce@rub.edu.bt