Tshering Penjor

Professional biography

ཚེ་རིང་དཔལ་འབྱོར། སྤྱི་ལོ་ ༢༠༠༣ ལུ་ བ་ཇོ་འབྲིང་རིམ་སློབ་གྲྭ་གོང་མིའི་ནང་ལས་ སློབ་རིམ་བཅུ་པ་མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་ ༢༠༡༣ ལུ་རྟ་མགོ་ནང་པའི་གཙུག་ལག་སློབ་སྡེ་ནང་ལས་ སྐད་ཡིག་དང་ནང་པའི་པའི་ཆོས་དང་རིག་གཞུང་ནང་ལུ་ གཙུག་ལག་གོང་མའི་ཤེས་ཡོན་མཐར་འཁྱོལ་ཏེ་ཡོདཔ་ཨིན།

 

སྤྱི་ལོ་ ༢༠༡༤ ལུ་ ལོ་ངོ་གཅིག་གི་རིང་ལུ་ འབྲུག་ན་གཞོན་དགའ་སྐྱིད་དཔལ་འཛོམས་ཡིག་ཚང་ནང་ ལམ་སྲོལ་ཞིབ་འཚོལ་པའི་ ལཱ་འགན་འབག་པའི་ཤུལ་ལུ་ སྤྱི་ལོ་ ༢༠༡༥ ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལས་ ཤེས་རིག་གཙུག་ལག་གཞི་རིམ་གོང་མའི་ སློབ་སྦྱོང་མཐར་འཁྱོལ་ཏེ་ འབྲུག་གཞུང་ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གི་འོག་ལུ་ འབྲིང་རིམ་སློབ་གྲྭ་གོང་མའི་སློབ་སྟོན་པ་སྦེ་ ལོ་ངོ་༨ གི་རིང་ལུ་ ཕྱག་ཞུ་སྟེ་ཡོད་པའི་ཉམས་མྱོང་ཡོདཔ་ཨིན།

 

ཁོ་གིས་སློབ་གྲྭ་ནང་སློབ་སྟོན་དང་འབྲེལ་ཏེ་ སློབ་སྡེའི་སློབ་དཔོན་ལས་འགོ་བཙུགས་ཏེ་ ལམ་སྲོལ་དང་རྩེད་རིགས་ རྫོང་ཁའི་རྩོམ་རིག་དང་ཆོས་རྒྱུགས་ཚོགས་པའི་འཐུས་མི་ དེ་ལས་སློབ་གྲྭའི་སྒྲིག་ལམ་འགོ་འཛིན་དང་ སློབ་ཕྲུག་འགོ་འཛིན་གྱི་འགན་ཁུར་ཚུ་འབག་སྟེ་ཡོདཔ་མ་ཚད་ རྫོང་ཁག་དང་ཁྲོམ་སྡེའི་གནད་ཚད་ནང་ལུ་ སློབ་སྟོན་ཐབས་ཤེས་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ བྱིན་ཡོད་པའི་ཉམས་མྱོང་ལེ་ཤ་ཡོདཔ་ཨིན།

 

སྤྱི་ལོ་ ༢༠༢༣་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ ལེགས་བཤདཔ་ལས་རོགས་ཀྱི་འགན་ཁག་འབག་སྟེ་ སློབ་སྟོན་དང་འབྲེལ་ སྲོལ་རྒྱུན་ཤེས་ཡོན་དང་གོང་འཕེལ་ལྟེ་བའི་འཐུས་མི་དང་ ལས་བྱེད་ངལ་གསོ་ཁང་གི་འཐུས་མི་ དེ་ལས་ སྤ་རོ་རིན་སྤུངས་གྲྭ་ཚང་ནང་ལུ་ ཨིང་སྐད་སློབ་སྟོན་གྱི་འགོ་འདྲེན་པ་སྦེ་ ཕྱག་ཞུ་བའི་བསྒང་ཡོདཔ་ཨིན།

Email:   tsheringpenjor.pce@rub.edu.bt