It seems you're using an unsafe, out-of-date browser. CLOSE(X)

PGDE Dzongkha

PGDE Dzongkha

ལས་རིམ་གྱི་མིང་།          གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན། (རྫོང་ཁ།)

                         (Postgraduate Diploma in Education)

ལས་རིམ་གྱི་ལོ་ཡུན།        ཟླ་ངོ་ དགུ། (སྤྱི་ཟླ་ ༢ པ་ལས་ སྤྱི་ཟླ་ ༡༡ པ་ཚུན།)

གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་གྱི་ལས་རིམ་འདི་གིས་ རྒྱལ་ཁབ་ནང་གི་ འབྲིང་རིམ་བར་མ་ཡན་ཆད་ཀྱི་སློབ་གྲྭ་ཚུ་ནང་ རྫོང་ཁའི་ཆོས་ཚན་ (རྫོང་ཁའི་སྐད་ཡིག་དང་རྩོམ་རིག་) སློབ་སྟོན་འབད་ནིའི་ནང་ལུ་ དམིགས་གཏད་བསྐྱེདཔ་ཨིན། དེ་གི་དོན་ལུ་ སྤྱིར་བཏང་ སློབ་སྟོན་དང་འབྲེལ་བའི་ཁྱད་རིག་གི་ཡོད་ཏན་ སྤུས་ཚད་དང་ལྡན་ཏོག་ཏོ་འབད་ཐོབ་ཚུགས་ནི་དང་ ལྷག་པར་དུ་ དུས་རྒྱུན་གྱི་སློབ་སྟོན་དང་འབྲེལ་བའི་དཀའ་ངལ་ཚུ་ ལག་ལེན་ཞིབ་འཚོལ་གྱི་ཐོག་ལས་ སེལ་ཐབས་འབད་ཚུགས་ནི་ལུ་ཡང་ དམིགས་གཏད་བསྐྱེདཔ་ཨིན།

འཛུལ་ཞུགས་ཀྱི་ཚད་གཞི།

ལས་རིམ་འདི་ནང་འཚུལ་ཞུགས་འབད་ནིའི་དོན་ལུ་ རྫོང་ཁའི་སྐད་ཡིག་དང་རྩོམ་རིག་ནང་ལུ་ ཉུང་མཐའ་གཙུག་ལག་གཞི་རིམ་གྱི་ཤེས་ཚད་དགོ། ནང་པའི་བཤད་གྲྭ་ཚུ་ནང་ལས་ཨིན་པ་ཅིན་ ཉུང་མཐའ་ལོ་རིམ་ ༦ མཐར་འཁྱོལ་དགོ།

ལས་རིམ་འདི་གི་དོན་ལུ་ གོང་གི་ཤེས་ཚད་ཡོད་མི་ཚུ་ གཞུང་གི་ཁ་ཐུག་ལས་ སློབ་གཉེར་ གྲོགས་རམ་ཐོབ་མི་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གདམ་ཁ་རྐྱབ་སྟེ་གཏངམ་ཨིན།  མ་དངུལ་རང་གིས་བཙུགས་ཏེ་ སྒེར་པ་འབད་ འཛུལ་ཞུགས་འབད་ནིའི་བློ་འདོད་ཡོད་པ་ཅིན་  འོག་ལུ་བཀོད་ཡོད་པའི་ཚད་གཞི་ཚུ་ ལག་ལེན་འཐབ་ཨིན།

༡    རྫོང་ཁ་དང་ཨིང་ལིཤི་གི་སྐད་ཡིག་འབྲི་རྒྱུགས།       སྐུགས་ ༥༠%

༢    ངག་ཐོག་གི་དྲི་བ་དྲིས་ལན།                    སྐུགས་ ༢༥%

༣    གཙུག་ལག་གཞི་རིམ་གྱི་སྐུགས།                  སྐུགས་ ༢༥%

དེ་གུ་ གཙུག་ལག་གཞི་མཆོག་སྦྱངས་མི་ལུ་ སྐུགས་ ༥ གཙུག་ལག་མཐོ་རིམ་སྦྱངས་མི་ལུ་ སྐུགས་ ༡༠ མཁས་དབང་སྦྱངས་མི་ལུ་ སྐུགས་ ༡༥ ཧེང་སྐལ་ཐོབ།

སྐུགས་ཚུ་ག་ར་བསྡོམས་ཞིནམ་ལས་ བརྒྱ་ཆ་ ༥༠ ཡན་ཆད་ཐོབ་མི་ཚུ་ གདམ་ཁ་རྐྱབ་ཨིན།

རྫོང་ཁའི་འབྲི་རྒྱུགས་ནང་ལས་ མཐར་འཁྱོལ་གྱི་སྐུགས་བརྒྱ་ཆ་ ༥༠ མ་ཐོབ་པ་ཅིན་ གདམ་ཁ་ མི་རྐྱབ། རྫོང་ཁའི་འབྲི་རྒྱུགས་ནང་ལས་ མཐར་འཁྱོལ་རུང་ ཡོངས་བསྡོམས་ སྐུགས་ཚད་ བརྒྱ་ཆ་ ༥༠ མ་ཐོབ་པ་ཅིན་ དེ་ཡང་ གདམ་ཁ་མི་རྐྱབ།

ལས་རིམ་འདི་གི་སྐོར་ལས་ ཁ་གསལ་མཁྱེན་འདོད་ཡོད་པ་ཅིན་ འོག་ལུ་བཀོད་དེ་ཡོད་པའི་  མི་ངོ་དང་གཅིག་ཁར་འབྲེལ་བ་འཐབ་གནང་།

རྩ་གཞུང་བཀོད་རིས།  Curriculum Structure

PGDE Curriculum Structure

རིན་ཆེན་རྒྱ་མཚོ།

ལས་རིམ་འགོ་ཁྲིདཔ།

འགྲུལ་འཕྲིན་ཨང་ ༡༧༦༡༠༥༢༢

གློག་འཕྲིན་ rinchengyemtsho.pce@rub.edu.bt