It seems you're using an unsafe, out-of-date browser. CLOSE(X)

M.Ed Dzongkha

M.ED Dzongkha

ལས་རིམ་གྱི་མིང་།        གཙུག་ལག་མཐོ་རིམ་ རྫོང་ཁའི་ཤེས་ཡོན།

                      (Master of Education)

ལས་རིམ་གྱི་ལོ་ཡུན།      ལོ་ངོ་གསུམ། (ལོ་རེར་ཉིན་གྲངས་ ༤༥ འི་རིང་ལུ་ དུས་མཚམས་སློབ་སྦྱོང་།)

ལས་རིམ་གྱི་དམིགས་ཡུལ།

གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་གྱི་ལས་རིམ་འདི་གིས་ རྒྱལ་ཁབ་ནང་གི་རྫོང་ཁའི་ སློབ་དཔོན་ཚུ་གི་རྒྱུད་ལུ་ སྤྱིར་བཏང་ཤེས་ཡོན་དང་འབྲེལ་བའི་ཁྱད་རིག་གི་ཡོན་ཏན་དང་ ལྷག་པར་དུ་ རྫོང་ཁའི་སློབ་སྟོན་དང་འབྲེལ་བའི་ཁྱད་རིག་གི་ཡོན་ཏན་ཚུ་ ཁྱད་དུ་འཕགས་པའི་སྤུས་ཚད་དང་ ལྡནམ་འབད་ ཐོབ་ཚུགས་ནིའི་དོན་ལུ་ཨིན། དེ་མ་ཚད་ དེང་སང་གི་ཤེས་རིག་གི་ལམ་ལུགས་དང་བསྟུན་ ཤེས་རིག་ཞིབ་འཚོལ་ནང་ལུ་མཁས་མཆོག་སྦྱངས་ཏེ་ ཤེས་ཡོན་དང་འབྲེལ་བའི་ལས་སྣ་ ག་ཅིའི་ནང་འབད་རུང་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ཞིབ་འཚོལ་འབད་ཚུགས་ནི་ལུ་ཡང་ དམིགས་གཏད་བསྐྱེདཔ་ཨིན།

འཛུལ་ཞུགས་ཀྱི་ཚད་གཞི།

ལས་རིམ་འདི་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ རྫོང་ཁ་ཤེས་རིག་གཙུག་ལག་གཞི་རིམ་ (B.Ed) དང་ རྫོང་ཁ་ཤེས་རིག་ གཙུག་ལག་གཞི་རིམ་གོང་མ་ (PgDE) གི་ལག་ཁྱེར་ གང་རུང་ཅིག་ ངེས་པར་དུ་དགོ། 

གོང་གི་ལག་ཁྱེར་གང་རུང་ཡོད་མི་ཚུ་གིས་ རྫོང་ཁའི་སྐད་ཡིག་བརྟག་དཔྱད་ཆོས་རྒྱུགས་ནང་བཅའ་མར་གཏོགས་ཏེ་ སྐུགས་ཚད་དམའ་ཤོས་ བརྒྱ་ཆ་ ༥༠ ཐོབ་དགོཔ་ཨིན། སྐུགས་ཚད་ལུ་ གཞི་བཞག་ཞིནམ་ལས་ སྐུགས་ཚད་མཐོ་ཤོས་ཐོབ་མི་ལས་འགོ་བཙུགས་ཏེ་ གདམ་འཐུ་འབདཝ་ཨིན།

ལས་རིམ་འདི་གི་སྐོར་ལས་ ཁ་གསལ་མཁྱེན་འདོད་ཡོད་པ་ཅིན་ འོག་ལུ་བཀོད་དེ་ཡོད་པའི་  མི་ངོ་དང་གཅིག་ཁར་འབྲེལ་བ་འཐབ་གནང་།


རིན་ཆེན་རྒྱ་མཚོ།

ལས་རིམ་འགོ་ཁྲིདཔ།

འགྲུལ་འཕྲིན་ཨང་ ༡༧༦༡༠༥༢༢

གློག་འཕྲིན་ rinchengyemtsho.pce@rub.edu.bt