Department of Dzongkha Studies

སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་འདི་རྒྱལ་ཁབ་ནང་ལུ་རྫོང་ཁའི་སློབ་དཔོན་གྱི་སློབ་འབད་སའི་ལྟེ་བ་ཅིག་ཨིན། དེ་འབདཝ་ལས་ མཐོ་རིམ་སློབ་གྲྭ་འདི་གིས་ འབྲུག་རྒྱལ་ཁབ་ནང་ལུ་ལྕོགས་གྲུབ་ཅན་གྱི་རྫོང་ཁའི་སློབ་དཔོན་ཚུ་ལུ་སྤུས་ཚད་ལྡན་པའི་སློབ་སྦྱོང་བྱིན་ནི་ལུ་ གཙོ་བོ་བཏོནམ་ཨིན།

འདི་ནང་ལུ་ གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་ (M.Ed) དང་ གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་ (PgDE) རྫོང་ཁ་གཙུག་ལག་གཞི་རིམ་ཤེས་ཡོན། (B.Ed) གི་ལས་རིམ་ ཁག་གསུམ་ཡོདཔ་ཨིན།