It seems you're using an unsafe, out-of-date browser. CLOSE(X)

B.Ed Dzongkha

B.Ed Dzongkha

ལས་རིམ་གྱི་མིང་།      རྫོང་ཁ་གཙུག་ལག་གཞི་རིམ་ཤེས་ཡོན། (རྫོང་ཁ)

                       (Bachelor of Dzongkha Education)

ལས་རིམ་གྱི་ལོ་ཡུན།    ལོ་ངོ་ བཞི། 

རྫོང་ཁ་གཙུག་ལག་གཞི་རིམ་ཤེས་ཡོན་གྱི་ལས་རིམ་འདི་གིས་ སྦྱོང་བརྡར་པ་ཚུ་ལུ་ ཁྱད་རིག་དང་ལྡན་པའི་ཤེས་ཡོན་ཚུ་བྱིན་ཏེ་ རྒྱལ་ཁབ་ནང་གི་སློབ་གྲྭ་ཁག་ཚུ་ནང་ རྫོང་ཁའི་ཆོས་ཚན་འདི་ ཁུངས་བཙུན་ཏོག་ཏོ་དང་སྤུས་དགཔ་འབད་སློབ་སྟོན་འབད་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན། དེ་མ་ཚད་ དམིགས་ཡུལ་གཞན་ཡང་ དུས་རྒྱུན་གྱི་སློབ་སྟོན་ནང་ཉེ་བར་མཁོ་བའི་སྦྱང་རྩལ་དང་ཐབས་ཤེས་ ཕན་ཐོགས་ཆེ་ཧིང་གི་དོན་ལུ་ལག་ལེན་ཞིབ་འཚོལ་དང་ཨ་ལོའི་རྣམ་རིག་ཚུ་གི་སྐོར་ཞུན་དག་ཏོག་ཏོག་འབད་ཤེས་ཏེ་ མཁས་པའི་རྩེ་མོ་ལུ་ ལྷོད་བཅུག་ནི་འདི་ཨིན།

འཛུལ་ཞུགས་ཀྱི་ཚད་གཞི།

རྫོང་ཁའི་རིག་གཞུང་ནང་ལུ་ ཉུང་མཐའ་ལོ་རིམ་བཅུ་གཉིས་ཀྱི་ལག་ཁྱེར་ཡོད་མི།

ལས་རིམ་འདི་གི་དོན་ལུ་ གོང་གི་ཤེས་ཚད་ཡོད་མི་ཚུ་ གཞུང་གི་ཁ་ཐུག་ལས་ སློབ་གཉེར་ གྲོགས་རམ་ཐོབ་མི་ཚུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ཁ་ཐུག་ལས་ རང་སོའི་སློབ་རིམ་ ༡༢ པའི་སྐུགས་ཚད་ལུ་གཞི་བཞག་སྟེ་ གདམ་འཐུ་འབདཝ་ཨིན། སློབ་གཉེར་གྱི་གྲོགས་རམ་ཐོབ་མིའི་གྲངས་སུ་མ་ཚུད་མི་ཚུ་ལུ་ སྒེར་པ་འབད་ འཛུལ་ཞུགས་འབད་ནིའི་གོ་སྐབས་ཡང་ཡོད།  


རྟ་མགྲིན་དཔལ་འབྱོར།

ལས་རིམ་འགོ་ཁྲིདཔ།

རྫོང་ཁག་གཙུག་ལག་གཞི་རིམ་ཤེས་ཡོན།

འགྲུལ་འཕྲིན་ཨང་ ༡༧༦༧ ༤༨༠༤/ ༧༧༢༠ ༨༩༩༩

གློག་འཕྲིན་ tandinpeljor.pce@rub.edu.bt