Chimi Rinzin

Professional biography

ཁོ་གི་མིང་ འཆི་མེད་རིག་འཛིན་ཟེར་སླབ་ཨིན། ཤེས་ཡོན་འདི་ གཞུང་དོན་རིག་པའི་ནང་ལུ་ གཙུག་ལག་ཤེས་ཡོན་གྱི་ཤེས་ཚད་ཡོདཔ་ཨིནམ་དང་། སྤྱི་ལོ་ ༡༩༩༢ ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཤེས་རིག་ལྷན་ཁག་འོག་གི་གཞི་རིམ་སློབ་གྲྭ་ལས་ འགོ་བཙུགས་ཏེ་ མཐོ་རིམ་སློབ་གྲྭ་ཚུན་ཚོད་ནང་ སློབ་སྟོན་འབད་བའི་ཉམས་མྱོང་ཡོད་པའི་ཁར་ གཙུག་ལག་གཞི་རིམ་དང་ མཐོ་རིམ་གོང་མའི་སློབ་ཕྲུག་ཚུ་གིས་ ཞིབ་འཚོལ་གྱི་རྩོམ་ཡིག་ཚུ་འབྲི་བའི་སྐབས་ གྲོས་སྟོན་པའི་ལཱ་འགན་འབག་སྟེ་ཕྱག་ཞུ་ཡོདཔ་མ་ཚད་ སློབ་དེབ་དང་སྦྱོང་ཚན་ཡང་ མང་རབ་ཅིག་བྲིས་ཏེ་ཡོདཔ་ཨིན།

 

སྤྱི་ལོ་ ༡༩༩༢ ལས་ ༢༠༡༥ ཚུན་གྱི་བར་ན་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་འོག་ལུ་ཡོད་པའི་སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་ལུ་ ལེགས་བཤདཔ་དང་ སློབ་སྦྱོང་ལས་རིམ་གྱི་འགོ་འདྲེན་པ་འབད་ཕྱག་ཞུ་བའི་སྐབས་ རྫོང་ཁ་གཙུག་ལག་གཞི་རིམ་དང་ མཐོ་རིམ་གོང་མའི་སློབ་ཕྲུག་ཚུ་གི་དོན་ལུ་ སློབ་སྟོན་དང་ སློབ་སྦྱོང་ལས་རིམ་ཚུ་ ཡར་རྒྱས་བཏང་སྟེ་ཡོད།

 

སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༦ པ་ལས་འགོ་བཙུགས་ཏེ་ སློབ་ཕྲུག་གི་སྒྲིག་འཛིན་ (Dean of Student Affairs) འབད་དེ་ཕྱག་ཞུ་བའི་བསྒང་ཡོད། སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༢ པའི་ཚེས་ ༡ ལས་འགོ་བཙུགས་ཏེ་ འབྲུག་རྒྱལ་འཛིན་གཙུག་སློབ་སྡེའི་ཤེས་ཡོན་བཀོད་ཚོགས་ཀྱི་འཐུས་མི་འབད་ཕྱག་ཞུ་བའི་བསྒང་ཡོད། སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༡༡ པ་ལས་འགོ་བཙུགས་ཏེ་ རྫོང་ཁ་གཙུག་ལག་གཞི་རིམ་གྱི་ལས་རིམ་ནང་ལུ་ ཆོས་རྒྱུགས་བཀོད་ཚོགས་ཀྱི་ཁྲི་འཛིན་འབད་ཕྱག་ཞུ་བའི་བསྒང་ཡོད། སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༦ པའི་ཚེས་ ༡༥ ལས་འགོ་བཙུགས་ཏེ་ མཐོ་རིམ་སློབ་གྲྭའི་རྩེད་རིགས་ཚོགས་ཆུང་གི་ཁྲི་འཛིན་འབད་ཕྱག་ཞུ་བའི་བསྒང་ཡོད། སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༥ པའི་ཚེས་ ༡༧ ལས་འགོ་བཙུགས་ཏེ་ སློབ་སྦྱོང་པའི་ཟ་སྤྱོད་དང་འབྲེལ་བའི་ཚོགས་ཆུང་གི་ཁྲི་འཛིན་འབད་ཕྱག་ཞུ་བའི་བསྒང་ཡོད། སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༥ པའི་ཚེས་ ༡༧ ལས་འགོ་བཙུགས་ཏེ་ སློབ་སྦྱོང་པའི་སྡོད་ཁྱིམ་འཛིན་སྐྱོང་དང་འབྲེལ་བའི་ཚོགས་ཆུང་གི་ཁྲི་འཛིན་འབད་ཕྱག་ཞུ་བའི་བསྒང་ཡོད། སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༦ པའི་ཚེས་ ༡༥ ལས་འགོ་བཙུགས་ཏེ་ སློབ་སྦྱོང་པའི་འཐུས་མི་ཚོགས་ཆུང་གི་ཁྲི་འཛིན་འབད་ཕྱག་ཞུ་བའི་བསྒང་ཡོད།

 

སྤྱི་ལོ་ ༢༠༡༤ ལས་ ༢༠༡༧ ཚུན་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ཕྱི་འདྲེན་ཞིབ་དཔྱོདཔ་འབད་ཕྱག་ཞུ་ཡི། སྤྱི་ལོ་ ༢༠༡༡ ལས་ ༢༠༡༤ ཚུན་ སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭའི་དོན་ལུ་ ཕྱི་འདྲེན་ཞིབ་དཔྱོདཔ་འབད་ཕྱག་ཞུ་ཡི། སྤྱི་ལོ་ ༢༠༡༢ ལས་ ༢༠༡༥ ཚུན་ རྫོང་ཁ་སློབ་སྦྱོང་ལས་རིམ་གྱི་གཙོ་འཛིན་འབད་ཕྱག་ཞུ་ཡི། སྤྱི་ལོ་ ༢༠༠༩ ལས་ ༢༠༡༢ ཚུན་ རྫོང་ཁ་གཙུག་ལག་གཞི་རིམ་སློབ་སྦྱོང་གི་དོན་ལུ་ འགོ་འདྲེན་པ་འབད་ཕྱག་ཞུ་ཡི། སྤྱི་ལོ་ ༢༠༠༡ ལས་ ༢༠༡༧ ཚུན་ སློབ་སྦྱོང་པའི་ཉལ་ཁྱིམ་དོ་དམ་འབད་ཕྱག་ཞུ་ཡི། སྤྱི་ལོ་ ༢༠༠༦ ལས་ ༢༠༠༨ ཚུན་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་ནང་ ཞིབ་འཚོལ་རྩོམ་ཡིག་ཞུན་དག་བཀོད་ཚོགས་ཀྱི་འཐུས་མི་འབད་ཕྱག་ཞུ་ཡི། 

Email: chimirinzin.pce@rub.edu.bt