PGDE in Dzongkha Full Time

PGDE in Dzongkha Studies  (Full Time) 

 

སྤྱིར་བཏང་ལས་རིམ་གྱི་དམིགས་ཡུལ Aims of the Programme

 

 

རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་ལས་རིམ་གྱིས༌ སློབ་གྲྭའི་རྩ་གཞུང་ སློབ་སྟོན་དང་ལྷབ་སྦྱང་ དབྱེ་ཞིབ་འབད་ཐངས་ཀྱི་སློབ་སྦྱོང་ཚུ་འབད་ནི་ཡོད་མི་འདི་གིས་ སློབ་ཕྲུག་ཚུ་ངེས་པར་དུ་བརྩི་མཐོང་དང་རིག་རྩལ་གྱི་ཤེས་ཡོན་ བརྡ་དོན་གྱི་གོ་བརྡ་ཚུ་དོན་སྨིན་ཅན༌འབད་ལེན་ཚུགས་པའི་བློ་གྲོས་འཐོབ་ཞིནམ་ལས་ དུས་རབས་ ༢༡ པའི་ནང་གི་ཤེས་ཡོན་དང་འབྲེལ་བའི་རིགས་ཚུ་གདོང་ལེན་འབད་ཚུགས་ནི་དང་ ཁྱད་རིག་སྦྱོང་བརྡར་ཚུ་ཐོབ་ཞིནམ་ལས་ སློབ་རིམ་ ༧ ལས་ ༡༢ ཚུན་གྱི་འབྲིང་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་ཚུ་ནང་སྤུས་ཚད་ཡོད་པའི་སློབ་སྟོན་འབད་ཚུགས་ནིའི་དོན་ལུ་དང་ དེ་མ་ཚད་སློབ་སྟོན་པའི་འགན་འཁྲི་འབག་ནི་ལུ་ དང་འདོད་དང་ལྷག་བསམ་ཡོད་མི་ཚུ་ཤེས་ཡོན་ཅན་དང་འཇོན་སྟངས་ཡོདཔ་བཟོ་སྟེ་འབྲུག་པའི་མི་སྡེ་དང་རྒྱལ་སྤྱིའི་རིང་ལུགས་ཚུ་དང་གཅིག་ཁར་མཉམ་འབྲེལ་འབད་ནི་དང་ ལྷག་པར་དུ་ལས་རིམ་འདི་གིས་ མཁས་སྦྱངས་སྦྱོང་ཚན་དང་ དེ་ལས་བརྡ་དོན་འཕྲུལ་རིག་ ཆོས་དང་ལམ་སྲོལ་ཚུ་གི་གོ་བརྡ་སྤྲོད་ནིའི་ཐབས་རིག་དང་ཚུ་ཐོབ་སྟེ་ མནོ་རིག་མ་འདྲཝ་ཡོད་མི་སློབ་ཕྲུག་ཚུ་དང་གཅིག་ཁར་འབྲེལ་བ་ལེགས་ཤོམ་འབད་འཐབ་སྟེ་སློབ་ཁང་གི་གནས་སྟངས་ཚུ་དགའ་ཏོག་ཏོ་འབད་བཞག་ནི་དང་ མ་འོངས་པ་སེམས་ཁར་བཞག་སྟེ་མི་སྡེ་གནས་སྟངས་དང་འབྲེལ་བའི་སློབ་གྲྭའི་རྩ་གཞུང་གི་འགྱུར་བ་འབད་ཚུགས་པའི་བློ་རྩལ་ཐོབ་མི་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ སློབ་སྦྱོང་འབད་ནིའི་རིག་ལམ་ དབྱེ་ཞིབ་འབད་ནིའི་ཐབས་ཤེས་དང་ལག་ལེན་ཞིབ་འཚོལ་འབད་ཐངས་ཀྱི་ཤེས་ཡོན་ཚུ་འཐོབ་ནི་དང་ རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་ལས་རིམ་གྱི་དམིགས་ཡུལ་དེ་ཡང་མཐོ་རིམ་སློབ་སྦྱོང་མཐར་འཁྱོལ་ཏེ་རྫོང་ཁ་སློབ་དཔོན་གྱི་ལཱ་གཡོག་ནང་འཛུལ་ཞུགས་འབད་མི་ཚུ་ལུ་གཞུང་སྐད་རྫོང་ཁ་གི༌ཐོག༌ལུ༌སློབ་སྟོན་འབད་ཐངས་ཀྱི་ཤེས་ཡོན་དང་རིག་རྩལ་སྤྲོད་ཐབས་ལུ་ཨིན། ཕྱིའི་ཁ་སྐད་དང་ལམ་སྲོལ་ཚུ་དར་ཤུགས་འབྱུང་བའི་དུས་རབས་འདི་ནང་གཞུང་སྐད་རྫོང་ཁ་གོང་འཕེལ་གཏང་ནི་འདི་གདོང་ལེན་ཅན་ཅིག་ཨིན་རུང་། གདོང་ལེན་དེ་ཚུ་བསལ་ཐབས་དྲག་ཤོས་རང་སློབ་གྲྭ་ཁག་ཚུ་ནང་རྫོང་ཁ་སློབ་སྟོན་འབད་བཞིན་ཡོད་པའི་ལམ་སྲོལ་འདི་རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ཏེ་ལེགས་སྒྱུར་གཏང་ནི་དེ་ཨིན་པས།

 

 

སློབ་སྦྱོང་ལས་རིམ་འདི་ནང་ཤེས་རིག་དང་སློབ་སྟོན་ཐབས་རིག་ལུ་མཁས་པའི་མཁས་དབང་ཚུ་གི་རྩོམ་རིག་ལུ་གཞི་བཅོལ་ཏེ་རྩ་གཞུང་གི་ནང་དོན་བསྐྱར་ཞིབ་འབད་ཐངས་དང་། དོན་ཚན་གྱི་གཤིས་ཁ་དང་འཁྲིལ་སྔ་གོང་ལས་སློབ་སྟོན་འཆར་གཞི་བཟོ་ཐངས། སྟོན་ཆས་མ་འདྲཝ་གྲ་སྒྲིག་རྐྱབ་ཐངས། ཤེས་ཚད་དང་ལྕོགས་གྲུབ་བརྟག་ཞིབ་ཀྱི་རེའུ་མིག་དང་ཚད་གཞི་བཟོ་ཐངས། གཞན་ཡང་དེང་སང་དུས་རབས་ནང་དགོས་མཁོ་ཆེ་བའི་བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ཐངས་ཀྱི་ཤེས་ཡོན་དང་རིག་རྩལ་མ་འདྲཝ་ཚུ་ལྷབ་སྦྱང་འབད་ནི་ཡོདཔ་ལས༌ རྫོང་ཁ་འདི་རྒྱལ་ཁབ་རང་དབང་གི་ངོ་རྟགས་ཁྱད་པར་ཅན་ཅིག་ཨིན་པའི་བརྩི་མཐོང་སྐྱེད་དེ། རྫོང་ཁ་མི་ཉམས་གོང་འཕེལ་གཏང་ནི་ལུ་འགན་འབག་ནི་དང་། དུས་ནམ་རང་འབད་རུང་སློབ་དཔོན་གྱི་ཁྱད་རིག་གནས་ཚད་ (BPST) ཀྱི་རིམ་པ་དང་འཁྲིལ་བའི་ཤེས་ཚད་དང་རིག་རྩལ། བརྩི་མཐོང་ཤེས་ཡོན་ཚུ་ལཱ་གཡོག་གི་ས་ཁོངས་ནང་ཀུན་སྤྱོད་རྣམ་གཞག་ལས་མ་འགལ་བར་ཁྲིམས་མཐུན་ལག་ལེན་འཐབ་སྟེ། གཞུང་རྩ་བ་གསུམ་ལུ་ཕན་རླབས་ཅན་གྱི་ཞབས་ཏོག་འབྱོར་ཚུགས་པའི་དམིགས་གཏད་སྐྱེདཔ་ཨིན། །

 

 

 སློབ་སྦྱོང་ལས་རིམ་གྲུབ་འབྲས། Objectives of the programme  

 

 

རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་ལས་རིམ་མཐར་འཁྱོལ་མི་སློབ་ཕྲུག་ཚུ་གིས་

  • མཁས་དབང་དང་ཞིབ་འཚོལ་པ་ཚུ་གི་ཤེས་རིག་དང་སློབ་སྟོན་ཐབས་ལམ་སྐོར་དགོངས་དོན་མ་འདྲཝ་བཀོད་དེ་ཡོད་པའི་ནང་དོན་ཚུ་འགྲེལ་བཤད་རྐྱབ་སྟེ་སླབ་ཚུགས།
  • རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་འཁྲིལ་ཏེ་རྫོང་ཁ་སློབ་སྟོན་འབད་ཐངས་ཀྱི་ལམ་སྲོལ་ལེགས་སྒྱུར་གཏང་དགོཔ་གལ་ཆེ་བའི་སྐོར་མཁས་པའི་རྩོམ་རིག་ལུ་གཞི་བཞག་སྟེ་ཁུངས་སྐྱེལ་ཚུགས།
  • མཁས་མཆོག་ཚུ་གི་ནང་དོན་དང་རིག་རྩལ་མ་འདྲཝ་ཚུ་བསྐྱར་ཞིབ་འབད་ཞིནམ་ལས་དེ་ཚུ་ལུ་གཞི་བཞག་སྟེ་དོན་ཚན་གྱི་གཤིས་དང་འཁྲིལ་སློབ་སྟོན་འཆར་གཞི་དང་སྟོན་ཆས་ཚུ་བཟོ་ཚུགས།
  • རྒྱལ་ཁབ་དང་མི་སྡེའི་དགོས་མཁོ་དང་འཁྲིལ་རྫོང་ཁ་ཆོས་ཚན་གྱི་རྩ་གཞུང་ཚུ་སྔོན་བྱོན་མཁས་པའི་ཡིག་ཆ་དང་རྩོམ་རིག་ལུ་གཞི་བཞག་སྟེ་བསྐྱར་ཞིབ་འབད་ཚུགས།
  • དབྱེ་ཞིབ་རེའུ་མིག་དང་ཚད་གཞི་ཚུ་ཁ་གསལ་བཟོ་སྟེ་སློབ་ཕྲུག་ཚུ་སློབ་རིམ་ཡར་སེང་གི་དོན་ལུ་ཤེས་ཚད་དང་ལྕོགས་གྲུབ་ཚུ་དྲང་བདེན་གྱི་ཐོག་ལས་བརྟག་དཔྱད་འབད་ཚུགས།
  • སློབ་ཕྲུག་དང་གཅིག་ཁར་འབྲེལ་བ་འཐབ་དགོཔ་ཚུ་ཁྱད་རིག་གི་ལམ་ལུགས་དང་འཁྲིལ་འབད་ཚུགས།
  • སློབ་སྟོན་སྦྱང་རྩལ་ཚུ་སྦྱང་བ་འབད་ཞིནམ་ལས་དོན་ཚན་དང་འཁྲིལ་སློབ་སྟོན་ཚུལ་མཐུན་འབད་ཚུགས།
  • སློབ་སྟོན་གྱི་དཀའ་ངལ་དང་འབྲེལ་བའི་གནད་དོན་ཐོག་ལུ་ལག་ལེན་ཞིབ་འཚོལ་འབད་ཚུགས།
  • སློབ་ཕྲུག་གི་སྦྱོང་ལཱ་དང་བྱ་སྤྱོད་ཚུ་བལྟ་རྟོག་འབད་ཐོག་ལས་སློབ་ཕྲུག་ཚུ་ལུ་ཕན་ཐོགས་ཅན་གྱི་བསམ་ལེན་དང་གྲོས་སྟུན་ཚུ་དུས་ཚོད་ཁར་འབྱིན་ཚུགས།
  • བརྡ་དོན་འཕྲུལ་རིག་དང་འབྲེལ་བའི་ཤེས་ཡོན་ཚུ་སློབ་ཁང་ནང་སློབ་སྟོན་གྱི་དོན་ལུ་ལག་ལེན་འཐབ་ཚུགས།
  • སློབ་གྲྭའི་གྲལ་ཞུགས་དང་སློབ་སྟོན་སྦྱང་བའི་རྣམ་གཞག་གི་ཤེས་ཚད་ལེགས་ཤོམ་ཐོབ་ཚུགས།
  • གཞུང་སྐད་རྫོང་ཁ་འདི་རྒྱལ་ཁབ་རང་དབང་གི་ངོ་རྟགས་ཅིག་ཨིན་པའི་བརྩི་མཐོང་སྐྱེད་དེ་རྫོང་ཁ་མི་ཉམས་གོང་འཕེལ་གཏང་ནི་ལུ་འགན་ཁག་དང་འགན་ཁྲིད་འཐུས་མ་ཤོར་བར་འབག་ཚུགས།
  • སློབ་དཔོན་གྱི་ཁྱད་རིག་གནས་ཚད་ (BPST) ཀྱི་རིམ་པའི་ཤེས་ཡོན་དང་རིག་རྩལ་ཚུ་ལཱ་གཡོག་གི་ས་ཁོངས་ནང་དོན་སྨིན་ཅན་ཅིག་འབད་ལག་ལེན་འཐབ་ཚུགས།

 

 

 ལས་རིམ་བཀོད་རིས།    Programme Structure

YearSemesterModule code and title
I IEDN501 Introduction

To Educational Psychology

PED502

སློབ་སྟོན་སྦྱང་རྩལ།

PED503

དབྱེ་ཞིབ་ལམ་ལུགས།

DLN501

རྫོང་ཁ་སྐད་ཡིག

IIPED ༥༠༣ སློབ་སྟོན་སྦྱང་བ།
IIIIIEDN601

སློབ་གྲྭའི་རྩ་གཞུང་སློབ་སྟོན།

RES603

ཤེས་རིག་ལག་ལེན་ཞིབ་འཚོལ།

PED604

སློབ་སྟོན་ཐབས་ལམ།

DLT601

རྩོམ་རིག

 

འཛུལ་ཞུགས་ཀྱི་ལམ་ལུགས། Entry Requirement

བཙག་འཐུའི་ཚད་གཞི།

རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་སློབ་སྦྱོང་ལས་རིམ་ནང་རྫོང་ཁ་དང་རིག་གཞུང་ཆོས་ཚན་ནང་གཙུག་ལག་གཞི་རིམ་གྱི་མཐར་འཁྱོལ་མི་དགོ་པའི་ཁར། ཤེས་ཚད་ཡོངས་བསྡོམས་ཀྱི་བརྒྱ་ཆ་ཉུང་མཐའ་ ༥༥% ངེས་པར་དུ་དགོཔ་ཨིན།     སློབ་ཕྲུག་གདམ་འཐུ་འབད་ཐངས་ཁག་གཉིས་ཡོད། ཁག་དང་པ་འདི་གཞུང་གི་སློབ་གཉེར་དོན་ལུ་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་གདམ་འཐུ་འབད་དེ་གཏང་མི་དེ་བཙུག་ནི་དང་། ཁག་གཉིས་པ་འདི་ཏི་རུ་རང་གིས་སྤྲོད་ཐོག་ལས་ཤེས་ཚད་ཀྱི་ཚད་གཞི་ཚང་མི་སྒེར་པ་འབད་སློབ་སྦྱོང་འབད་བར་འོང་མི་དེ་སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་གདམ་འཐུ་འབད་དེ་བཙུག་ནི་ཨིན། སྒེར་གྱི་སློབ་སྦྱོང་པ་གདམ་འཐུ་འབད་ཐངས་འདི་གཤམ་འཁོད་ཀྱི་ཚད་གཞི་ལུ་གཞི་བཞག་སྟེ་གདམ་འཐུ་འབད་ནི་ཨིན།

 

 

 

 

 

ཚད་གཞི།ལྗིད་ཚད།
ཤེས་ཚད།༣༠%
འབྲི་རྒྱུགས།༥༠%
ངག་རྒྱུགས།༢༠%
 བསྡོམས།༡༠༠%

 

 

For Inquiries , you may contact:

Mr. Rinchen Gyemtsho                                                                                                       Dr. Lungten Wangdi

Programme Leader                                                                                                              Dean of Academic Affairs

Master of Education in Dzongkha                                                                                 Email: lungtenwangdi.pce@rub.edu.bt

Email: rinchengyemtsho.pce@rub.edu.bt                                                                           Phone # +975-8-271870

Phone # +975-8-271487

 

Fee Structure 

Inquires about tuition fees may be directed to tsheringtenzin.pce@rub.edu.bt at phone number +975-8-271497