It seems you're using an unsafe, out-of-date browser. CLOSE(X)

མེ་རྐྱེན་རེ་འབྱུང་པ་ཅིན་ གདོང་ལེན་གྱི་དོན་ལུ་ གྲ་སྒྲིག་ཡོད་ག?

༉   སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༧ ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ ཨྱོན་ཚོང་ལས་ཀྱི་སྦྱིན་བདག་ དྲག་ཤོས་ཨྱོན་གྱིས་འབད་ མེ་རྐྱེན་འདི་འབྱུང་པའི་སྐབས་ ང་བཅས་ཚུ་གིས་ ག་ཅི་རང་འབད་དགོཔ་ཨིན་ནིའི་སྐོར་ལས་ གོ་བརྡ་སྤྲོད་གནང་ཡི།

ལས་རིམ་འདི་ནང་ སྤ་རོ་རྫོང་ཁག་གི་ཁྲིམས་སྲུང་འགག་སྡེའི་དམག་སྲིད་ དྲག་ཤོས་པ་སངས་དང་ དྲག་ཤོས་རྫོང་རབ་ཀྱིས་དབུ་གཙོས་པའི་ སྤ་རོ་རྫོང་ཁག་གི་ ལྷ་ཁང་དང་ དགོན་སྡེ་ཁག་གི་དཀོན་གཉེར་ དེ་ལས་ མཐོ་རིམ་སློབ་གྲྭའི་འགོ་ཁྲིདཔ་ཚུ་གིས་ བཅའ་མར་གཏོགས་ཅི།

ཨྱོ་རྒྱན་ཚོང་ལས་ སྦྱིན་བདག་གིས་གསུངས་མི་ནང་  ད་རེས་ནངས་པར་  ང་བཅས་རའི་རྒྱལ་ཁབ་ནང་ ལྷ་ཁང་དང་དགོན་སྡེ་ཁག་ལུ་ མེ་རྐྱེན་ལེ་ཤཱ་རང་ འབྱུང་དོ་ཡོདཔ་ལས་ དེ་ཚུ་ཉམས་ནིའི་ཉེན་ཁ་ཅན་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་གསུངས་ཡི། འདི་ཚུ་གི་གདོང་ལེན་ལུ་  དེང་སང་གི་འཕྲུལ་ཆས་གསརཔ་ཚུ་ ལག་ལེན་འཐབ་དགོཔ་འདི་ ཁག་ཆེ་ཟེར་གསུངས་པའི་ཁར་ འཕྲུལ་ཆས་འདི་གིས་  དུ་ཡུན་ཐུང་ཀུ་ཅིག་ནང་ མེ་འདི་བསད་ཚུགས་པའི་ནུས་པ་ཡོད་ཟེར་ཨིན་པས།

འདི་ལུ་ བཅའ་མར་གཏོགས་མི་ ལ་ལུ་ཅིག་གིས་བཀོད་མི་ནང་ འཕྲུལ་ཆས་གསརཔ་ཚུ་  གོང་ཚད་སྦོམ་གནས་མི་ཙང་ཙ་ར་ཨིནམ་ལས་བརྟེན་ སྒེར་གྱི་ལྷ་ཁང་ བདག་འཛིན་འཐབ་མི་ཚུ་གིས་ མཁོ་གྲུབ་འབད་ནི་ལུ་ དཀའ་ངལ་འབྱུང་ནི་ཨིན་མས་ཟེར་བཀོདཔ་ཨིན་པས།  ཉིནམ་གཅིག་གི་ལས་རིམ་འདི་ མཇུག་ར་ འཕྲུལ་ཆས་ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་  འགྲེམས་སྟོན་འབད་བའི་ཤུལ་ལུ་ ཨྱོན་ཚོང་ལས་སྦྱིན་བདག་གིས་ བཅར་མར་གཏོགས་མི་ཚུ་ལུ་ ཉི་མའི་གསོལཝ་ཅིག་ཡང་གནང་ཡོད་པའི་གནས་ཚུལ།

བསྡུ་སྒྲིག་འབད་མི་ ཚེ་རིང་རྡོ་རྗེ། ལོ་ངོ་ ༣ པ་ཅ་སྡེ།  

 

Leave a Comment

Your email address will not be published. Required fields are marked *