It seems you're using an unsafe, out-of-date browser. CLOSE(X)

སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ ཕུར་པའི་དབང་གནང་ཡོདཔ།

༉   སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཞུ་བ་ཕུལཝ་བཞིན་དུ་ རང་ལུགས་གནམ་ལོ་ མེ་མོ་བྱ་ལོ་ རང་ཟླ་ ༨ པའི་ཚེས་ ༡༧ སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༡༠ པའི་ སྤྱི་ཚེས་ ༧ རེས་གཟའ་ཉིམ་ལུ་ པད་ཚལ་གླིང་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ མཐོ་རིམ་སློབ་གྲྭ་ནང་ལུ་ ལོ་བསྟར་གྱི་ཕུར་པའི་གཟུངས་སྔགས་བསག་གནང་ཡོདཔ་ཨིན་མས།

ལས་རིམ་འདི་ཡང་ དྲོ་པ་ ཆུ་ཚོད་ ༨:༣༠ ལུ་ པད་སྤྲུལ་རིན་པོ་ཆེ་མཆོག་ མཐོ་རིམ་སློབ་གྲྭའི་ཐུན་ཁང་ནང་ལུ་ ཕེབས་སུ་ཞུ་ཞིནམ་ལས་ དང་པ་རང་ ལོ་ངོ་བཞི་པའི་ སློབ་ཕྲུག་ངོ་ཚབ་ ཕུར་པ་རྡོ་ལེགས་ཀྱིས་ འབྱོན་པ་ལེགས་སོའི་ གསལ་བཤད་ཕུལ་ཡི། དེ་གི་ཤུལ་ལས་ རིན་པོ་ཆེ་མཆོག་གིས་ ཐུན་ཁང་ནང་འཛོམས་མི་ཚུ་ལུ་ ཕུར་པའི་ལུང་གནང་ཐོག་ལས་ འགོ་བཙུགས་ཡོདཔ་མ་ཚད་ ཕྱི་རུ་ཆུ་ཚོད་ ༣ ལས་ ཚོགས་འཁོར་བསྐོར་ཞིནམ་ལས་ དེ་ཁར་འཛོམས་མི་སློབ་དཔོན་དང་ སློབ་ཕྲུག་ དེ་ལས་ ཉེ་འདབས་ཀྱི་ མི་སེར་དད་མོས་ཅན་ཚུ་ལུ་ ཕུར་པའི་དབང་གནང་ཐོག་ལས་ གྲོལ་གནང་ཡོདཔ་ཨིན་པས།

གནས་ཚུལ་བསྡུ་སྒྲིགས་པ། ལྟཝ་པོ། ལོ་ངོ་གསུམ་པ་ ཅ་སྡེ།

Leave a Comment

Your email address will not be published. Required fields are marked *