ལོ་ལྟར་མཐོ་རིམ་སློབ་གྲྭའི་རིམ་གྲོ།

རང་ལུགས་གནམ་ལོ་ མེ་ཕོ་སྤྲེལ་ལོ་ ནག་ཟླ་༣པའི་ཚེས་༡༠་ལུ་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་དང་འབྲལ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ཐུན་ཁང་ནང་ལུ་འབད་ ལོ་སྟར་ རིམ་གྲོ་འགོ་འདྲེན་འཐབ་གནང་ཡོདཔ་ཨིན།

སྐྱབས་མགོན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ནག་ཟླ་༣པའི་ཚེས་༡༠་ལུ་ ཞིང་ལུ་འཕེབས་པའི་ཉིནམ་དང་འབྲེལ་ འབྲུག་ལུ་འབྱོན་ཏེ་མི་ལོ་༤༠༠་འཁོར་བའི་དུས་ཆེན་ནང་ལུ་ ལེགས་བཤད་པ་ མཁན་པོ་རྟ་མགྲིན་དཔལ་འབྱོར་གྱི་འགོ་འདྲེན་ཐོག་ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་སྦེ་གསང་སྔགས་ཆོས་འཁོར་ལས་བཤད་གྲྭའི་སྤྲུལ་སྐུ་མི་ཕམ་རྒྱ་མཚོ་རིན་པོ་ཆེ་མཆོག་དང་དགེ་འདུན་པ་ཞལ་གྲངས་ ༡༥ གིས་དབུ་བཞུགས་མཛད་དེ་ ཞབས་དྲུང་དག་སྣང་མའི་ཆོ་ག་དང་གསོལ་འདེབས་འཇིག་རྟེན་དབང་ཕྱུག་ཁྲི་ཕྲག་ལྷགཔ་ཅི་བསགས་གནང་ཡི།འདི་ནང་ལུ་ དད་པ་ཅན་གྱི་ མཐོ་རིམ་སློབ་གྲྭའི་མདོ་ཆེན་གྱི་དབུ་གཙོས་པའི་ལེགས་བཤད་པ་ལོ་ངོ་དང་པ་གཉིས་པ་བཞི་པ་དང་གཙུག་གཞི་རིམ་གོང་མའི་རྫོང་ཁ་སློབ་སྦྱོང་པ་ཚུ་བརྩིས་ཏེ་མི་གྲངས300 ་ལྷག་ཙམ་ཅིག་གིས་བཅའ་མར་གཏོགས་གནང་ཡི།

མ་དངུལ་གྱི་རྒྱབ་སྐྱོར་འདི་ཡང་ མཐོ་རིམ་སློབ་གྲྭ་དང་བཟའ་ཚང་ཚུ་གིིས་གནང་སྟེ་ཡོད་མི་ལུ་ཞབས་ཏོག་ཞུ་མི་ཚོགས་པའི་འཐུས་མི་ཚུ་གིས་བཀའ་དྲིན་ཡོད་ལུགས་ཚུ་གི་སྐོར་བཤད་དེ་ཡོདཔ་དང་ འགོ་འདྲེན་པ་ སློབ་མཁན་པོ་རྟ་མགྲིན་དཔལ་འབྱོར་གྱིས་གསུངས་མི་ནང་ ལོ་ལྟར་རིམ་གྲོ་འགོ་འདྲེན་འཐབ་དགོ་མི་ཡང་སྤྱིར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅན་གྱི་དོན་ལུ་དང་ མཐོ་རིམ་སློབ་གྲྭའི་ འདས་མ་འོངས་ད་ལྟ་བའི་བཟའ་ཚང་ཚུ་གིས་མཐའ་དོན་ལུ་དམིགས་ཏེ་ ཞབས་དྲུང་སྐུ་མཆེད་ཀྱི་ཉིནམ་འདི་མཐོ་རིམ་སློབ་གྲྭའི་དམངས་ཀྱི་རིམ་གྲོ་འབད་འགོ་འདྲེན་འཐབ་གནང་ཡི་ཟེར་བཤདཔ་ཨིནམ་པས། སྤྲུལ་སྐུ་མི་ཕམ་རྒྱ་མཚོ་རིན་པོ་ཆེ་གི་གསུངས་མི་ནང་ ཀུན་མཁན་པདྨ་དཀར་པོ་གྱི་ཡངས་སྲས་ སྐུ་འཕྲེང་༡༢་པ་ འབྲུག་རྒྱབ་ཁབཀྱི་སྤྱི་གཙུག་གི་ཉིན་ཟླ་ དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་སྐུ་མཆེད་པའི་ཉིནམ་སྦེ་རྩིས་སྲུང་ཞུ་མི་འདི་ལུ་ བཀྲ་ཤིས་བདེ་ལེགས་ཡོད་ཟེར་གསུངས་གནང་ཡོདཔ་དང།ཞབས་དྲུང་སྐུ་མཆེད་ཀྱི་ཉིནམའདི་ཡང་སྤྲུལ་སྐུ་མི་ཕམ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་ བཅའ་མར་གཏོགས་མི་ཚུ་ལུ་ ཚེ་དབང་གནང་སྟེ་ ལས་རིམ་འདི་མཇུག་བསྡུ་གནང་ཡོད་པའི་གནས་ཚུལ།

ཟླ་བ། རྫོང་ཁ་ལོ་ངོ་བཞི་པ།